འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ནཱ་ཏ་ཡིས་ཐེངས་11ལ་དྲ་བའི་སྤོ་ལོའི་སྐྱེས་པ་ཁེར་རྐྱང་འགྲན་བསྡུར་ལས་ཨང་དང་པོ་བླངས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ནཱ་ཏ་ཡིས་ཐེངས་11ལ་དྲ་བའི་སྤོ་ལོའི་སྐྱེས་པ་ཁེར་རྐྱང་འགྲན་བསྡུར་ལས་ཨང་དང་པོ་བླངས།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། ཧྥ་རན་སེའི་པ་ལི་རུ་སྤེལ་བའི་2018ལོའི་ཧྥ་རན་སེའི་དྲ་བའི་སྤོ་ལོ་འགྲན་བསྡུར་ཁྲོད་སྐྱེས་པ་ཁེར་རྐྱང་གི་རྟིང་རྩོད་འགྲན་བསྡུར་ནང་དུ། སི་ཕེན་གྱི་འགྲན་ཞུགས་པ་ནཱ་ཏ་ཡིས་ཨོ་སི་ཁྲི་ལི་ཡའི་འགྲན་ཞུགས་པ་དང་སྡུར་ན་སྐར་3སྡུར་0ཡི་གྲུབ་འབྲས་ཐོབ་པ་ལས། ཨང་དང་པོ་བླངས་པ་རེད། དེ་ནི་ཁོང་རང་མི་སྒེར་གྱི་ཐེངས་བཅུ་གཅིག་པའི་གཟེངས་རྟགས་ལག་ཏུ་བཟུང་ཞིང་། སྤྱི་བསྒྲགས་འགྲན་བསྡུར་ཀྱི་དུས་རབས་ནང་དུ་ཐེངས་དང་པོར་འགྲན་བསྡུར་ཡོད་ཚད་ནང་དུ་ཐེངས་11ལ་ཨང་དང་པོ་བླངས་པའི་འགྲན་ཞུགས་པར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།