འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་དངོས་གཞི་5དང་མི་3ལ་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། ཨ་རིའི་ནོར་སྲིད་པུའུ་ཡིས། ངན་སེམས་བཅངས་ནས་དྲ་རྒྱའི་བྱ་སྤྱོད་སྒྲུབ་པར་དོགས་གནས་རྒྱུ་མཚན་དུ་དྲངས་ཏེ། ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་དངོས་གཞི་5དང་མི་3ལ་བཀག་སྡོམ་གྱི་ཆད་པ་བཅད་པ་ཁྱབ་བསྒྲགས་བྱས།
        ཨ་རིའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་བསྒྲགས་བྱས་པའི་ནང་དུ། ཆད་པ་བཅད་པའི་དོགས་གཞི་ཡོད་པའི་དངོས་གཞི་དོན་རྐྱེན་3ལ་ཨུ་རུ་སུའི་མཉམ་འབྲེལ་བདེ་འཇགས་པུའུ་ཡིས"དངོས་པོ་དང་ལག་རྩལ་གྱི་རྒྱབ་སྐྱོར་"བྱས་ཡོད་པ་དང་། ཆད་པ་བཅད་པའི་དངོས་གཞི་ཐད་ཀར་ཨུ་རུ་སུའི་དྲ་རྒྱའི་ནུས་པ་ཤུགས་སྣོན་ལ་ཞུགས་པ་དེས། ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་ཡོད་ཅེས་བཤད།
         འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཆད་པ་བཅད་པའི་མི་སྣ་ཡི་ཨ་རིའི་རྒྱལ་ཁོངས་ཀྱི་ཐོན་ཁུངས་བཀག་བསྡོམས་དང་། ཨ་རིའི་སྤྱི་དམངས་དང་ཚོང་འབྲེལ་བྱ་མི་ཆོག་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།