འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ཀྲུང་དབྱང་གིས་ནོར་སྲིད་ཐོག་ནས་རྒྱབ་སྐྱོར་བྱས་པའི་ལོ་ཏོག་རེས་འདེབས་བྱེད་རྒྱ་མུའུ་ཁྲི་2500ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་ལམ་ལུགས་ཚོད་ལྟ་སོགས་བྱས་པ་ལས་ལྗང་མདོག་འདེབས་འཛུགས་ལམ་ལུགས་འཛུགས་པའི་ཐད་རང་རྒྱལ་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད་པ་རེད།
          ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པ་དེ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་བ། 2018ལོར་ཀྲུང་དབྱང་གིས་ནོར་སྲིད་ཐོག་ནས་རྒྱབ་སྐྱོར་བྱས་པའི་ལོ་ཏོག་རེས་འདེབས་བྱེད་རྒྱ་མུའུ་ཁྲི་2500ཟིན་པ་དང་། ཚོད་ལྟ་བྱ་ཡུལ་གྱིས་མུའུ་རེར་སྒོར་150ཡི་ཚད་གཞིར་གཞིགས་ཏེ་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་པ་དང་། རྨོ་ཞིང་དབྱར་མར་འཇོག་པའི་ཚོད་ལྟ་བྱེད་རྒྱ་མུའུ་ཁྲི་400ཟིན་པ། ཚོད་ལྟ་བྱ་ཡུལ་གྱིས་རྨོ་ཞིང་དབྱར་མར་འཇོག་ཐབས་མི་འདྲ་བར་གཞིགས་ཏེ་མུའུ་རེར་ཁ་གསབ་སྒོར་500ནས་800བར་སྤྲོད་ཀྱི་ཡོད། ཁྱབ་ཁོངས་མི་འདྲ་བའི་ཐོན་སྐྱེད་དང་སྣོད་བཅུད་གཉིས་ཀར་ལྟ་རྟོག་ཐུབ་པ་དང་འདྲ་སྤོས་དང་ཁྱབ་གདལ་གཏོང་ཆོག་པའི་ལག་རྩལ་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིང་དུད་ཀྱི་འདེབས་འཛུགས་ཀྱི་ཡོང་སྒོ་དང་ཁ་གསབ་དང་། ཀྲུང་དབྱང་གིས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར། ས་གནས་ཀྱིས་རང་འགུལ་ངང་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པ་བཅས་ཀྱི་སྲིད་ཇུས་ཀྱི་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་བ། སྲུང་སྐར་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་དང་། རྨོ་ཞིང་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན། ཕུང་གསུམ་པའི་ཚོད་སྐོར་བཅས་ཕན་ཚུན་ཟུང་འབྲེལ་གྱི་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།