འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི"རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི"ཚོགས་ཆེན་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། མིག་སྔར་རང་རྒྱལ་དུ་འཛམ་གླིང་གི་ཤུལ་བཞག་ཁག་52ཡོད་པ་དེའི་ནང་རང་བྱུང་ཤུལ་བཞག་ཁག་12དང་། རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་ཁག་4ཡོད་པ་དེའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ནས་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་6.8ཟིན་གྱི་ཡོད། དེ་ནི་གསར་འགོད་པར་ཚེས་9ཉིན་པེ་ཅིང་དུ་འཚོགས་པའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཨང་གཉིས་པའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་ཞིང། ད་ཐེངས་ཀྱི་ཚོགས་ཆེན་ནི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་ཁྲི་ཧྲུའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བ་རེད།
           རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་1985ལོར་《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི་སྤྱི་ཆིངས་》ནང་ཞུགས་པ་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཤུལ་བཞག་སྲུང་སྐྱོང་གི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། ལོ་30ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་རྒྱལ་གྱིས་ཀྲུང་དབྱང་དང་ས་གནས་དང་ཤུལ་བཞག་ཁུལ་གྱི་རིམ་གསུམ་དོ་དམ་སྒྲིག་གཞི་དང་དཔུང་ཁག་བཙུགས་ནས་སྤྱོད་གོ་ནུས་ལྡན་ཡོད་པའི་འཆར་འགོད་དང་། འཛུགས་སྐྲུན། བདག་སྐྱོང་། ལྟ་ཞིབ་ཚད་འཇལ། ཁྲིམས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་དོ་དམ་མ་ལག་ཆགས་ཏེ་རྩ་ཆེ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་རིག་གནས་ཤུལ་བཞག་ཐོན་ཁུངས་འབོར་ཆེན་ཞིག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ལ་གོ་ལ་ཧྲིལ་པོའི་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
           རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ནི་ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་ཞིག་ཡིན་ཞིང་། དུས་ཚོད་ནི་ལོ་ལྟར་གྱི་ཟླ་6པའི་རེས་གཟའ་སྤེན་པ་གཉིས་པ་དེར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།