འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་
    ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཅུས་ཀྱིས་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་སའི་དྲན་གསོ་ཁང་དུ་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ཏེ་ཧྲང་ཧའེ་ཡི་འབྲེལ་ཡོད་སྡེ་ཚན་དང་ཚན་པར་《གུང་ཁྲན་ཏང་གི་བསྒྲགས་གཏམ་》གྱི་དྲན་གསོའི་པར་མ་དང་། 《མ་རྩའི་རྣམ་བཤད་》ཀྱི་དྲན་གསོའི་པར་མ། “མར་ཁེ་སི་དང་ཨེན་ཁེ་སིའི་གསུང་རྩོམ་ཆེད་བསྒྲིགས་དཔེ་དེབ”《མར་ཁེ་སིའི་པར་རིས་ཕྱོགས་བསྒྲིགས་》སོགས་གཙོ་གནད་དཔེ་དེབ་ཞལ་འདེབས་ཕུལ་བ་རེད།
         འདི་ལོ་ནི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་ཀྱང་ཡིན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་སུ་ཟམ་མི་ཆད་པར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཅུས་ཀྱིས་ཟླ་6པའི་ཟླ་སྟོད་ནས་བཟུང་། རྒྱལ་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁུལ་དང་དྲན་གསོ་ཁང་ཁག་གཅིག་དང་། ཏང་གི་སློབ་གྲྭ སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་། མཐོ་སློབ་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་སོགས་ཚན་པ་585ལ་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་ཆ་ཚང་1800ཞལ་འདེབས་ཕུལ་བ་རེད།
         དཔེ་དེབ་འདི་ག་ནི་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་ཡིག་སྒྱུར་དང་། མི་དམངས་དཔེ་སྐྲུན་ཁང་དང་ཁྲུང་ཆིང་དཔེ་སྐྲུན་ཚོགས་པས་པར་སྐྲུན་བྱས་པ་ཞིག་རེད། དེ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུས་གཙོ་གནད་དམ་འཛིན་བྱས་ནས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་ཆེད་དཔེ་དེབ་ཕྱག་རྟགས་སུ་ཕུལ་བའི་བྱེད་སྒོ་ཞིག་རེད་ལ། ལས་བྱེད་མང་ཚོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་ཆེད་ཀྱི་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།