འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནག་ཆུའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་ཁོར་ཡུག་གསར་པ་དང་རེ་བ་གསར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ནག་ཆུའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་ཁོར་ཡུག་གསར་པ་དང་རེ་བ་གསར་པ།
          མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་ཡོད་པའི་ནག་ཆུའི་སྣོད་བཅུད་བཀོད་སྒྲིག་ས་ཚིགས་ནི་རྒྱལ་ལམ་109དང་ཐག་ཉེ་བ་དང་། ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་དང་ལམ་ཐག་སྤྱི་ལེ་27ལྷག་ཙམ་ལས་མེད། དེ་ནི་འཚོ་སྡོད་ཁོར་ཡུག་ལེགས་པ་དང་། འགྲིམ་འགྲུལ་སྟབས་བདེ་བའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་ཤིག་རེད། དེར་བསྐྲུན་པའི་བཀོད་སྒྲིག་ཁང་པ་ཆེ་ཆུང་མི་འདྲ་བ་ལྔ་ཡོད་པ་དག་ལྕགས་སྒྲོམ་ལས་གྲུབ་པ་དང་། ས་ཡོམ་རིམ་པ་8ཐེགས་པ། དེ་བཞིན་རྟ་སྒ་ཆ་སྒྲིག་གི་གྲོང་ཚོ་ཨུ་ལྷན་དང་། ལས་ཤག བུ་བཅོལ་ཁང་སོགས་ཀྱང་ཡོད། རང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་གྱི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་བཀོད་སྒྲིག་ས་ཚིགས་དེ་བསྐྲུན་རྗེས་ཡིག་ཚགས་དང་གཱ་བཟོས་པའི་ནག་ཆུའི་གནས་སྤོས་མང་ཚོགས་དུད་ཚང་262ལ་བག་ཕེབས་དང་། སྟབས་བདེ། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བཅས་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།