འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཡག་བོད་རིགས་རུམ་འཐག་ལག་ཤེས་ཀྱི་རྒྱུན་འཛིན་པ་དབྱང་ཡུང་ལེང་གིས
    "ངས་བཏགས་པའི་ས་གདན་གྱིས་གྲོང་ཚོར་སྐོར་བ་གཅིག་རྒྱག་ཐུབ།"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། འཁྲུག་ཆ་དོད་པའི་དངོས་མང་སྟོན་ཚོགས་ལ་དབྱང་ཡུང་ལེང་འཐག་ཁྲི་རྙིང་པ་ཞིག་གི་མདུན་དུ་བསྡད་ནས་ཚོན་མདོག་སྣ་ཚོགས་ཀྱི་སྤུན་དོག་ཁྱེར་ཏེ་རུམ་འཐག་པའི་རྣམ་པས་འགྲེམས་ཞུགས་ཚོང་པ་དང་ལྟད་མོ་བ་མང་པོའི་ཡིད་དབང་བཀུག
          2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་དབྱང་ཡུང་ལེང་གདན་ཞུས་ལྟར་ཞུགས་པ་དང་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གི་ཁེ་ལས་400ལྷག་ཙམ་དང་དེ་བཞིན་རྒྱ་གར་དང་། དབྱི་རན། ཨ་ཧྥུ་ཀ་ནི་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ་34ཡི་ཁེ་ལས་250ཙམ་ཞུགས་ཡོད་པ་རེད།
          ལོ་56ལ་སླེབས་པའི་དབྱང་ཡུང་ལེང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱ་ཡག་བོད་རིགས་རུམ་འཐག་ལག་ཤེས་ཀྱི་རྒྱུན་འཛིན་པ་ཡིན་པ་དང་ལོ་8ནས་བཟུང་པ་ཕའི་ས་ནས་ས་གདན་འཐག་པའི་ལག་ཤེས་སྦྱོང་འགོ་ཚུགས། “ངས་བཏགས་པའི་ས་གདན་གྱི་གྲོང་ཚོར་སྐོར་བ་གཅིག་རྒྱག་ཐུབ”ཅེས་བཤད།
          མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་ཧྲང་ཤིན་ཀྲོང་གྲོང་རྡལ་རྒྱ་ཡག་གྲོང་ཚོར་ལོ་300ལྷག་ཙམ་གྱི་རུམ་འཐག་གི་ལོ་རྒྱུས་ལྡན་ཡོད། གྲོང་མི་ཚོ་མི་རབས་ནས་མི་རབས་བར་རུམ་བཏགས་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་རྒྱ་ཡག་གྲོང་ཚོའི་གྲོང་མིས་བཏགས་པའི་ས་གདན་ཚོན་མདོག་ལེགས་ལ་ཚོས་ལོག་གི་མེད་པ་མ་ཟད། རྒྱུ་གཙང་སྤུས་གཙང་ཡིན་པས་ལོ་20ལྷག་ཙམ་བེད་སྤྱོད་བྱ་ཆོག་པར་བརྟེན་ས་གདན་ནང་གི“རྩེ་གྲ”རེད།
          “རྒྱ་ཡག་གྲོང་ཚོར་མནའ་མར་ཡོང་མཁན་བུ་མོ་ཚང་མས་རུམ་འཐག་ཤེས་ཀྱི་ཡོད། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་བརྒྱད་ཅུར་གྲོང་ཚོའི་དུད་ཚང་530ལྷག་ཙམ་གྱིས་རུམ་འཐག་གི་ཡོད”ཅེས་དབྱང་ཡུང་ལེང་གིས་དྲན་གསོ་བྱེད་བཞིན་བཤད། ད་ཆ་རྒྱ་ཡག་གྲོང་ཚོའི་གྲོང་མི་ཚོ་ཕྱིར་ལས་མི་བྱེད་པར་འགྲོ་འདོད་དེ་བས་ཆེ་པོ་ཡོད་པས་ལག་ཤེས་དེ་ག་ལེར་བརྗེད་ཉེན་ཡོད། སྐབས་ཤིག་རིང་གྲོང་ཚོ་ཡོངས་སུ་དབྱང་ཡུང་ལེང་གི་ཁྱིམ་ཚང་མ་གཏོགས་རུམ་འཐག་མཁན་མེད།
          2006ལོར་རྒྱ་ཡག་བོད་རིགས་རུམ་འཐག་ལག་ཤེས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བླུགས། 2013ལོར་སྐུ་འབུམ་རྫོང་རིག་གནས་ཅུས་ཀྱིས་མ་དངུལ་བཏང་ནས“རྒྱ་ཡག་བོད་རིགས་རུམ་འཐག་ལག་ཤེས་རྒྱུན་འཛིན་ཁང”བཙུགས། དབྱང་ཡུང་ལེང་གིས་དགེ་ཕྲུག་ཁ་ཤས་བསྡུས་པ་དང་སྐབས་དེར་མངགས་ཉོ་བྱེད་མཁན་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་ས་གདན་འཐག་མཁན་ཁོང་དང་ཁོང་གི་བཟའ་ཟླ་ལས་མེད།
          མཚོ་སྔོན་གྱིས་གཉེར་བའི་ལོ་རེར་སྐབས་རེའི་རྒྱལ་ཡོངས་ཀྱི་བོད་རུམ་ཆེད་ལས་རང་བཞིན་གྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་འབའ་ཞིག་དེས་དབྱང་ཡུང་ལེང་ལ་གོ་སྐབས་གསར་པ་ཞིག་བྱིན། ནང་ས་དང་ཐ་ན་རྒྱལ་ཕྱི་ནས་རྒྱ་ཡག་གྲོང་ཚོར་ས་གདན་ཉོ་བར་ཡོང་མཁན་མང་པོ་ཡོད།
          རང་ཉིད་ཀྱིས་བཏགས་པའི་ས་གདན་ལ་འཛད་སྤྱོད་པས་དགའ་པོ་ཡོང་ཆེད། དབྱང་ཡུང་ལེང་གིས་རི་མོ་སྣ་ཚོགས་བསམ་བློ་བཏང་ནས་འགེལ་རུམ་དང་གདན་སོགས་སྣ་ཚོགས་འཐག་གི་ཡོད། སྐུ་འབུམ་དུ་ཡུལ་སྐོར་དུ་ཡོང་མཁན་མང་པོས་དབྱང་ཡུང་ལེང་གི་རུམ་འཐག་ལག་ཤེས་གོ་ཐོས་བྱུང་ནས་ཉོ་བར་ཡོང་མཁན་མང་པོ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།