འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བདག་རེས་གྲོང་ཁྱེར་གྱི་བྱེད་
    སྒོ་ཀོང་ཀྲོའུ་རུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། རྒྱལ་ཁབ་རིག་དངོས་ཅུས་དང་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀོང་ཏུང་ཞིང་ཆེན་རིག་དངོས་ཅུས་ཀྱིས་རོགས་གཉེར་བྱས་པ། ཀོང་ཀྲོའུ་གྲོང་ཁྱེར་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་གཉེར་འགན་འཁུར་བ་བཅས་ཀྱི་2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བདག་རེས་གྲོང་ཁྱེར་གྱི་བྱེད་སྒོ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་རེད།
         བདག་རེས་གྲོང་ཁྱེར་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཀོང་ཀྲོའུ་གྲོང་ཁྱེར་ལྷོ་མཚོ་ལྷ་ཁང་དུ་སྤེལ་བ་དང་། བྱེད་སྒོ་སྤེལ་ཡུལ་དུ་ཀོང་ཏུང་དབྱང་ཅང་གྲོང་ཁྱེར་ལྷོ་མཚོ་ཨང་དང་པོའི་གནའ་རྫས་སྔོག་འཚོལ་དང་། ཀོང་ཏུང་ཞིང་ཆེན་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཧྲན་ཐོའུ་ཡི་ཚོགས་ར་གཙོ་བོའི་བྱེད་སྒོ། ཀོང་ཀྲོའུ་ཞིང་ཆེན་ཧོང་ཕུའུ་གནའ་བོའི་གྲུ་ཁ་དང་གནའ་བོའི་གྲོང་ཚོའི་འབྲེལ་ཡོད་བྱེད་སྒོ་སོགས་དང་སྦྲེལ་མཐུད་བྱས་པ་དང་། “ངའི་འཛམ་གླིང་། ལོ་རྒྱུས་ཀྱི་དཔང་པོ”ཞེས་པའི་བྱེད་སྒོ་སྤེལ་འགོ་བཙུགས་ཏེ་ལོ་རྒྱུས་ཀྱི་སྣང་ཚུལ་ཟློས་གར་《གལ་སྲིད་རྒྱལ་ཁབ་ཀྱི་ནོར་བུས་སྐད་ཆ་ཤོད་ཤེས་ན་》ཞེས་པ་དང་པོའོ་ལུའོ་ཏན་གྱི་དམངས་སྲོལ་འཁྲབ་སྟོན་བྱས་པ་རེད།
          2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་རྟེན་འབྲེལ་ཞུ་ཆེད། ས་གནས་ཁག་གི་རིག་དངོས་སྡེ་ཚན་གྱིས་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཀྱིས་རིག་གནས་མྱོང་ཚོར་དང་རྒྱུན་འཛིན་བྱེད་སྒོ་ཁག་500ཙམ་སྤེལ་ནས་རིག་གནས་ཤུལ་བཞག་མི་སེར་ཁྲོད་སྤེལ་བ་དང་འཚོ་བ་དང་ཉེ་བཅར་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།