འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་གོ་མིང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་ལ་འགུལ་རྣམ་གྱི་རྩིས་ཐོ་རྣམ་པའི་དོ་
    དམ་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཆེད་ལས་ཁག་དང་རིམ་ཁག་ཆེད་ལས་ལག་རྩལ་གྱི་གོ་མིང་ཞིབ་དཔྱད་ཨུ་ལྷན་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ་དང་འབྲེལ། གོ་མིང་ཞིབ་དཔྱད་ཨུ་ལྷན་གྱི་དཀར་ཆག་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་གོ་མིང་ཞིབ་དཔྱད་ཨུ་ལྷན་1677དེར་བཅུག་པ་རེད། སླད་ཕྱིན་ཞིང་ཆེན་ཡོངས་ཀྱི་གོ་མིང་ཞིབ་དཔྱད་ཨུ་ལྷན་གྱིས་རྩིས་ཐོ་རྣམ་པའི་དོ་དམ་ལག་བསྟར་བྱས་ཏེ་དཀར་ཆག་ལ་འགུལ་རྣམ་གསར་བརྗེས་བྱ་རྒྱུ་ཡིན་པ་རེད།
         ཞིང་ཆེན་ཡོངས་ཀྱི་ད་ཡོད་ཆེད་ལས་ལག་རྩལ་གོ་མིང་ཞིབ་དཔྱད་ཨུ་ལྷན་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ་བརྒྱུད། གོ་མིང་ཞིབ་དཔྱད་དོ་དམ་གྱིས་གཏན་འབེབས་བྱས་པའི་བརྒྱུད་རིམ་དང་མ་མཐུན་པར་བཙུགས་པ་དང་ཡུན་རིང་ཞིབ་དཔྱད་ལས་དོན་མ་སྤེལ་བའི་ཞིབ་དཔྱད་ཨུ་ལྷན་མེད་པར་བཟོ་རྒྱུ། རིགས་ཁག་གི་ཕྱོགས་བསྡུས་དཔྱད་ཞིབ་ཨུ་ལྷན་ལ་བཅོས་སྒྲིག་གམ་ཡང་ན་མེད་པར་བཟོས་ཁར། ཞིང་ཆེན་ཡོངས་ཀྱི་རང་སོར་བཞག་པའི་ཆེད་ལས་ལག་རྩལ་གོ་མིང་ཞིབ་དཔྱད་ཨུ་ལྷན་ཚང་མ་《ཡུན་ནན་ཞིང་ཆེན་ཆེད་ལས་ལག་རྩལ་གོ་མིང་ཞིབ་དཔྱད་ཨུ་ལྷན་གྱི་དཀར་ཆག་》ནང་འཇུག་རྒྱུ་རེད། དཀར་ཆག་ནང་གི་ཆེད་ལས་ལག་རྩལ་གོ་མིང་ཞིབ་དཔྱད་ཨུ་ལྷན་ཁག་གིས་ངེས་པར་དུ་ཡུན་ནན་ཞིང་ཆེན་ཞིབ་དཔྱད་ཨུ་ལྷན་གྱི་དོ་དམ་གཏན་འབེབས་དང་དཀར་ཆག་ཏུ་འཁོད་པའི་ཞིབ་དཔྱད་ཁྱབ་ཁོངས་གཞིར་བཟུང་། བབ་མཚུངས་ཀྱི་རིམ་པ་དང་ཆེད་ལས་ཁག་གི་ལག་རྩལ་གོ་མིང་ཞིབ་དཔྱད་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས་ཤིང་། དཀར་ཆག་ཏུ་མེད་པའི་ཞིབ་དཔྱད་ཨུ་ལྷན་དང་དེ་བཞིན་ཞིབ་དཔྱད་ཀྱི་བྱེད་སྤྱོད་མཐའ་དག་ཁས་ལེན་བྱ་རྒྱུ་མིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།