འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ཧོ་ཧའོ་ཐེའི་མ་ལ་སུང་རྒྱང་རྒྱུག་ཟླ་བ་བདུན་པའི་ནང་འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན། ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་མི་དམངས་དྲ་བ་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་དང་2018ལོའི་ཧུའུ་ཧོ་ཧའོ་ཐེའི་མ་ལ་སུང་རྒྱང་རྒྱུག་གི་ཁྱབ་བསྒྲགས་ཚོགས་འདུ་མི་དམངས་དྲ་བའི་སྙན་སྒྲོན་ཐིང་དང་པོར་འཚོགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཟླ་7ཚེས་8ཉིན་འགོ་འཛུགས་རྒྱུ་ཡིན་ཞིང་། དེར་ལམ་ཐག་ཧྲིལ་པོའི་མ་ལ་སུང་རྒྱང་རྒྱུག་དང་། སྤྱི་ལེ་10ཡི་ཐུང་རྒྱུག་བཅས་ཁྱོན་ཚོགས་ཆུང་3བཀོད་སྒྲིག་བྱས་པ་དང་སྔོན་དཔག་བྱས་ན་མི་13000འགྲན་བསྡུར་ལ་ཞུགས་རྒྱུ་རེད།
           ད་ཐེངས་ཀྱི་མ་ལ་སུང་རྒྱང་རྒྱུག་གི་བརྗོད་དོན་གཙོ་བོ་ནི“ཧུའུ་ཧོ་ཧའོ་ཐེ་རུ་རྒྱང་རྒྱུག་འགྲན”ཞེས་པ་ཡིན་ཞིང་། མི་དམངས་དྲ་བ་དང་། ནང་སོག་རང་སྐྱོང་ལྗོངས་ལུས་རྩལ་ཅུས། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ནང་སོག་རང་སྐྱོང་ལྗོངས་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་དོ་དམ་ལྟེ་གནས་དང་། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ལུས་རྩལ་ཅུས། མི་དམངས་ལུས་རྩལ། མི་དམངས་དྲ་བའི་ནང་སོག་འཕྲིན་ལམ་བཅས་ཀྱིས་གཉེར་འགན་ཁུར་ཡོད། དེ་དང་ཆབས་ཅིག་འགྲན་དོན་དེའང“བདེ་ཐང་གི་ཀྲུང་གོའི”མ་ལ་སུང་རྒྱང་རྒྱུག་རིམ་པའི་འགྲན་བསྡུར་ལ་བཅུག་པ་དང་། གཙོ་གཉེར་ཕྱོགས་ཀྱིས“ནང་སོག་རྩྭ་ཐང་གི་རིག་གནས+འོ་ཐོན་གྲོང་གི་རིག་གནས+སྣོད་བཅུད་གྲོང་ཁྱེར”བཅས་ཁྱད་ཆོས་སུ་བྱས་པའི་མ་ལ་སུང་རྒྱང་རྒྱུག་གཏོད་རྒྱུར་གཞོལ་བ་དང་། འགྲན་བསྡུར་བྱེད་རིང་ཀྲོའུ་ཅུན་རིག་གནས་དུས་ཆེན་དང་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་བྱེད་སྒོ་སྤེལ་ཏེ་ཡུལ་སྐོར་དང་། རིག་གནས། ལུས་རྩལ། ཚོང་དོན་བཅས་གཅིག་ཏུ་བསྡུས་པའི་གྲོང་ཁྱེར་གྱི་བྱེད་སྒོ་སྤུས་རྟགས་ཤིག་གཏོད་རྒྱུ་རེད། ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་མི་དམངས་དྲ་བས་འཐབ་ཇུས་མཉམ་ལས་གྲོས་ཡིག་བཞག་པ་ལས་ཧུའུ་ཧོ་ཧའོ་ཐེའི་ལུས་རྩལ་བྱ་གཞག་སྣ་མང་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་བརྟན་དུ་ཕྱིན་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།