འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ད་བར་གྱི་ཧྭ་པེའི་གཟིག་གི་རིགས་ཁྱུ་ཆེ་ཤོས་ཤེས་
    རྟོགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་པེ་ཅིང་དགེ་འོས་སློབ་ཆེན་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བྱང་ཤར་སྟག་གཟིག་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་དང་། པེ་ཅིང་དགེ་འོས་སློབ་ཆེན་སྟག་གཟིག་ཞིབ་འཇུག་ཚོགས་པས་ཕྱི་ཕྱོགས་སུ་ཚན་རིག་ཤེས་རྟོགས་གལ་ཆེན་ཞིག་ཁྱབ་བསྒྲགས་བྱས་ཤིང་། ཕྱི་རོལ་ཁོར་ཡུག་ལ་ཡུན་རིང་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ཡན་ཨན་བྱི་རྟ་གླིང་ནགས་ཁུལ་ནས་ད་བར་དུ་ཧྭ་པེའི་གཟིག་གི་རིགས་ཁྱུ་ཆེ་ཤོས་ཤེས་རྟོགས་བྱུང་བ་དང་། ཧྲའན་ཤིས་ཞིང་ཆེན་བྱི་རྟ་གླིང་ནགས་ཁུལ་དང་ཧྲན་ཤིས་ཐའེ་ཧང་རིའི་ནགས་ཁུལ་དུ་ཧྭ་པེའི་གཟིག་གི་རིགས་ཁྱུ་གལ་ཆེན་གནས་པ་ར་འཕྲོད་བྱུང་ཡོད།
          རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བྱང་ཤར་སྟག་གཟིག་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་། IUCN/SSCསྡེར་ཆགས་སྲོག་ཆགས་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི། པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཧྥོང་ལི་མིང་གིས“འདས་ཟིན་པའི་ལོ་གཅིག་ཁོ་ནར་ཞིབ་འཇུག་ཚོགས་པས་ཧྲའན་ཤིས་ཡན་ཨན་བྱི་རྟ་གླིང་ནགས་ཁུལ་གྱི་སྤྱི་ལེ་ངོས་གྲུ་800ཡི་ལྟེ་བའི་བརྟག་དཔྱད་ས་ཁོངས་ནས་པར་ལེན་ཐུབ་པའི་ཧྭ་པེའི་གཟིག་གི་གྲངས་འབོར་ཉུང་མཐར་ཡང་28ཟིན་ཡོད། ས་ཁུལ་གཞན་དག་གི་བརྟག་དཔྱད་འབྲས་བུ་དང་སྡུར་བ་བྱས་པ་བརྒྱུད། འདི་ནི་མིག་སྔར་ཀྲུང་གོའི་ས་ཁོངས་ནས་ཤེས་རྟོགས་ཐུབ་པའི་གཟིག་གི་གྲངས་འབོར་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་མངོན་ཡོད”ཅེས་ངོ་སྤྲོད་བྱས།
           ངོ་སྤྲོད་བྱས་པར་གཞིགས་ན། གཟིག་ནི་འཛམ་གླིང་དུ་ཁྱབ་ཆེ་ཤོས་ཀྱི་སྡེར་ཆགས་སྲོག་ཆགས་ཆེ་གྲས་ཤིག་རེད་ལ། རང་བྱུང་སྣོད་བཅུད་མ་ལག་གི་ཟས་རིགས་ལོང་སྦྲེལ་གྱི་རྩེར་སོན་སྐྱེ་དངོས་རིགས་གྲས་ཤིག་ཀྱང་རེད། ཞིབ་འཇུག་བྱས་འབྲས་གསར་པ་ལས། གཟིག་གི་གོ་ལ་ཧྲིལ་པོའི་རིགས་ཁྱུ་དང་གནས་ཡུལ་མགྱོགས་མྱུར་ཆུང་དུ་འགྲོ་བའི་རྣམ་པ་མངོན་ཡོད་པས་གོ་ལ་ཧྲིལ་པོའི་གཟིག་སྲུང་སྐྱོང་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། ཧྭ་པེའི་གཟིག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཤིག་རེད་ལ། མིག་སྔར་འཛམ་གླིང་དུ་ཀུན་གྱིས་ཁས་ལེན་བྱེད་པའི་གཟིག་གི་འདྲ་མཚུངས་རིགས་9ཡི་ནང་ཀྲུང་གོར་དམིགས་བསལ་ཡོད་པའི་གཟིག་གི་འདྲ་མཚུངས་རིགས་འབའ་ཞིག་དེ་ཡིན་པ་དང་། མིག་སྔར་ཧྭ་པེ་ས་ཁུལ་གྱི་ནགས་ཚལ་སྣོད་བཅུད་མ་ལག་གི་ཟས་རིགས་ལོང་སྦྲེལ་ནང་རྩེར་སོན་པའི་སྐྱེ་དངོས་རིགས་ཤིག་ཀྱང་རེད།
          ཧྥོང་ལི་མིང་གིས་ཧྭ་པེའི་གཟིག་གི་བདག་ཏུ་མ་བཟུང་བའི་རིགས་ཁྱུ་གལ་ཆེན་རྙེད་པ་དང་། དེ་བཞིན་ལོ་རྒྱུས་ཀྱི་ས་ཁོངས་གཞན་དག་ནས་གཟིག་བསྐྱར་དུ་ཐོན་པ་ནི་ཧྭ་པེ་དང་ནུབ་རྒྱུད་ཀྱི་སྣོད་བཅུད་མ་ལག་རིམ་བཞིན་སླར་གསོ་ཐུབ་པའི་མཚོན་ཚུལ་དངོས་རེད། སྣོད་བཅུད་མ་ལག་གི་འགག་རྩའི་སྐྱེ་དངོས་རིགས་དང་སྣོད་བཅུད་སླར་གསོ་ཐུབ་པ་མཚོན་པའི་སྐྱེ་དངོས་ཀྱི་རིགས་གཟིག་ནི་བྱང་ཤར་སྟག་གི་རྗེས་སུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྐྱེ་དངོས་རིགས་གལ་ཆེན་ཞིག་ལ་འགྱུར་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།