འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར་1.94བརྔ་བསྡུ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། འཕྲུལ་འཁོར་ལ་བརྟེན་ནས་དགུན་གྲོ་བརྔ་བསྡུའི་ལས་དོན་ལ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་སྐུལ་འདེད་མྱུར་དུ་བཏང་ཞིང་། ཟླ་6ཚེས་6ཉིན་བར་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར་1.94བརྔ་བསྡུ་ཟིན་པ་དང་། བརྔ་བསྡུ་ཟིན་ཚད་བཅུ་ཆ་ལྔ་ལས་བརྒལ་བ། འཕྲུལ་བསྡུའི་བསྡུར་ཚད་94.3%ཟིན་ཡོད།
          ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལས་མངོན་པར། སི་ཁྲོན་དང་ཧུའུ་པེར་བརྔ་བསྡུ་ཆ་ཚང་ཟིན་པ་དང་། ཧོ་ནན་དུ་དགུན་གྲོ་མུའུ་ཁྲི་7516བརྔ་བསྡུ་བྱས་པ་དེ་བཅུ་ཆ་དགུ་ལྷག་ཙམ་ཟིན་པ། ཨན་ཧུའེ་རུ་དགུན་གྲོ་མུའུ་ཁྲི་3491བརྔ་བསྡུ་བྱས་པ་དེ་བཅུ་ཆ་དགུ་ལྷག་ཙམ་ཟིན་པ། ཅང་སུའུ་རུ་དགུན་གྲོ་མུའུ་ཁྲི་1605བརྔ་བསྡུ་བྱས་པ་དེ་བཅུ་ཆ་བཞི་ལྷག་ཙམ་ཟིན་པ། ཧྲན་ཏུང་དུ་དགུན་གྲོ་མུའུ་ཁྲི་1788བརྔ་བསྡུ་བྱས་པ་དེ་བཅུ་ཆ་གསུམ་ལྷག་ཙམ་ཟིན་པ། ཧྲའན་ཤིས་སུ་བརྔ་བསྡུ་བྱས་ཚད་བཅུ་ཆ་ལྔ་ལྷག་ཙམ་ཟིན་པ། ཧྲན་ཤིས་སུ་བཅུ་ཆ་གཅིག་ཟིན་པ། ཧོ་པེར་བཅུ་ཆ་གཅིག་ཙམ་ཟིན་ཡོད།
          ཚེས་31ཉིན་ཚུན་དུ་རྨ་ཆུ་དང་ཧུའེ་ཧོ་ས་ཁུལ་གྱི་གྲོ་གཙོ་འདེབས་ཞིང་ཆེན་གྱི་གནམ་གཤིས་ལེགས་པ་དང་། ནུས་ཆེའི་ཞིང་འཕྲུལ་གཏོང་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། སྒྲིག་འཛུགས་བཀོད་གཏོང་དང་ཞབས་ཞུ་འགན་ལེན་བྱ་ཚུལ་ནུས་པ་ལྡན་ལ་གོ་རིམ་ལྡན་པ། རྒྱལ་ཡོངས་སུ་ཉིན་བདུན་བསྟུད་མར་བརྔ་བསྡུ་བྱེད་རྒྱ་མུའུ་ཁྲི་1500ལྷག་ཙམ་ཟིན་ཡོད། དེའི་ནང་ཟླ་6ཚེས་5ཉིན་གྱི་ཉིན་གཅིག་ལ་དགུན་གྲོ་འཕྲུལ་བསྡུ་དང་མ་རྨོས་ལོ་ཏོག་འཕྲུལ་འདེབས་བྱེད་ཚད་མུའུ་ཁྲི་2751དང་མུའུ་ཁྲི་1296སོ་སོ་ཟིན་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།