འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་བསམ་འཆར་བཏོན་ནས་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན། གསར་འགོད་པས་ཧོ་པེ་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཧོ་པེ་ཞིང་ཆེན་གྱིས་《ལས་ཞུགས་དབུལ་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་ནས་ལས་ཞུགས་དབུལ་སྐྱོར་སྲིད་ཇུས་མང་པོ་བཏོན་པ་རེད།
          ཧོ་པེ་ཞིང་ཆེན་མི་སྤྱི་ཐིང་གི་ཐིང་ཀྲང་གཞོན་པ་ཀྲའོ་ཨའེ་ཕིང་གིས་《བསམ་འཆར་》ནང་ངལ་ནུས་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་བཏང་སྟེ་ངལ་རྩོལ་ནུས་ཤུགས་དབུལ་པོའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད་ཅིང་། ལས་ཞུགས་བྱེད་འདོད་ཡོད་པར“གཅིག་རོགས་གཅིག་སྐྱོར”བྱས་ནས་མི་འབོར་དབུལ་པོའི་ལས་ཞུགས་གཞི་ཁྱོན་རྒྱ་ཆེར་ཧུར་ཐག་བཏང་ཐོག་ལས་ཞུགས་ཀྱི་བརྟན་པོའི་རང་བཞིན་གོང་མཐོར་གཏོང་དགོས་པ་བཏོན་ཡོད་ཅེས་བརྗོད།
         དེ་དང་དུས་མཚུངས་སྤྱི་པའི་ལས་ཞུགས་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞབས་འདེགས་སྤུས་ལེགས་ཞུས་པ་བརྒྱུད་ངལ་རྩོལ་ནུས་ཤུགས་དབུལ་པོར་རོགས་སྐྱོར་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བ་དང་། ཆ་འཕྲིན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཀྱི་དགོས་མཁོ་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ལས་ཞུགས་དབུལ་སྐྱོར་བྱ་ཡུལ་དང་རོགས་སྐྱོར་ཆ་འཕྲིན་དངོས་འབྲེལ་དང་ཡང་དག་ཡིན་པའི་འགན་ལེན་བྱ་རྒྱུ་དང་། ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་ནས་རྫོང་དབུལ་པོའི་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་ལས་རིགས་གསོ་སྦྱོང་སྒྲིག་གཞི་འཛུགས་རྒྱུར་སྔོན་ལ་རོགས་སྐྱོར་བྱས་ཏེ། གྲོང་གསེབ་ཀྱི་ཚོགས་སྤྱིའི་བྱེད་སྒོའི་ཁྱད་ཆོས་ལ་དམིགས་ནས་གྲོང་གསེབ་ཀྱི་ངལ་ནུས་བར་ཁེ་བ་དང་ཕྱུག་འགྱུར་སྣེ་ཁྲིད་མཁན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུ། གནད་སྨིན་ཞབས་ཞུ་བྱས་ཐོག་ལས་ཞུགས་མ་ཐུབ་པའི་ངལ་རྩོལ་ནུས་ཤུགས་དབུལ་པོར་སྲིད་ཇུས་ཀྱི་བློ་འདྲི་དང་། ལས་ཞུགས་ཀྱི་མཛུབ་སྟོན། ལས་རིགས་ངོ་སྤྲོད་སོགས་ཀྱི“གཅིག་རོགས་གཅིག་སྐྱོར”གྱི་རིན་མེད་ལས་ཞུགས་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།