འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་བརྙན་བརྙན་འཕྲིན་གྱི་འབྲེལ་ཡོད་མི་སྣའི“ངོ་ལྐོག་གན་རྒྱའི”ཁྲལ་འབྲེལ་གནད་
    དོན་ལ་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་དྲ་ཐོག་ཏུ་འབྲེལ་ཡོད་གློག་བརྙན་བརྙན་འཕྲིན་མི་སྣས“ངོ་ལྐོག་གན་རྒྱ”འཇོག་པའི་ཁྲོད་ཀྱི་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བསམ་འཆར་མང་པོ་བཏོན་པར་དམིགས་ནས། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཅང་སུའུ་སོགས་ས་ཁུལ་གྱི་ཁྲལ་དོན་སྡེ་ཚན་ལ་ཁྲིམས་ལྟར་བརྟག་དཔྱད་དང་བདེན་མིན་ཞིབ་དཔྱད་བྱེད་དགོས་པའི་བཀའ་ཕབ་པ་རེད། གལ་སྲིད་ཁྲལ་བསྡུའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་ལྡན་ན་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་རེད།
          ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡོང་འབབ་མང་བའི་གློག་བརྙན་བརྙན་འཕྲིན་གྱི་ལས་ཀ་བྱེད་མཁན་གྱིས་ཁྲིམས་ལྟར་ཁྲལ་འཇལ་བའི་གནས་ཚུལ་ལ་དཔྱད་དཔོག་དང་བརྟག་དཔྱད་བཀོད་སྒྲིག་བྱེད་པའི་རྨང་གཞིའི་ཐོག ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་སྔར་བས་ཤུགས་ཆེར་གཏོང་བ་དང་བསྡུ་ལེན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།