འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོ་གསེར་ལུང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་
    ཞོ་ཆུང་ཆུང་གིས་ཁྲོམ་ར་ཆེན་པོ་གཏོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོ་གསེར་ལུང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་
ཞོ་ཆུང་ཆུང་གིས་ཁྲོམ་ར་ཆེན་པོ་གཏོད།
          མི་དམངས་དྲ་བའི་འཕྲིན། གྲོང་ཚོའི་མང་ཚོགས་ཀྱི་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོས་གསེར་ལུང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་བཙུགས་པ་ནས་བཟུང་། གྲོང་ཚོའི་མང་ཚོགས་དབུལ་པོ་4ལ་གཏན་འཇགས་ལས་གནས་མཁོ་འདོན་བྱས་པ་དང་དབུལ་པོའི་དུད་ཚང་19ལ་རེས་མོས་བྱས་ནས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་པ་རེད། བཅིངས་འགྲོལ་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བཀྲ་ཤིས་རྒྱ་མཚོས“གྲོང་ཚོ་ཡོངས་ཀྱི་དུད་ཚང་112གསོ་ཚགས་དུད་ཚང་ཡིན་པས་ཉིན་ལྟར་འོ་མ་རྒྱ་མ་1200ཙམ་མཉམ་ལས་ཁང་དུ་སྐྱེལ་བ་དང་། མཉམ་ལས་ཁང་གིས་བསྡུ་ཉོ་བྱས་རྗེས་ཞིབ་དཔྱད་དང་དུག་སེལ། ཕབ་སྙལ། ཐུམ་སྒྲིལ་སོགས་ཀྱི་ལས་རིམ་བརྒྱུད་འོ་མ་བསྙལ་ནས་ཞོ་ཆགས་རྗེས་ལྷོ་ཁ་དང་ལྷ་ས་སོགས་སུ་ཕྱིར་འཚོང་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།