འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ནུབ་ཧིན་རྡུ་རྒྱ་མཚོར"མཚོ་འཛུལ་རྟགས་ཅན་གཉིས་པས"2018ལོའི་མཚོ་འཛུལ་
    ཐོག་མ་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱ་མཚོ་ཆེན་པོར་སྐྱོད་ཐེངས་ཞེ་དགུ་པའི་ཀྲུང་གོའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་གཏིང་ཚད་སྨི་4500ཡི་སར་འགྲོ་ཐུབ་པའི་མི་མེད་སྐུད་མེད་ཀྱི་མཚོ་འཛུལ་ཡོ་ཆས“མཚོ་འཛུལ་རྟགས་ཅན་གཉིས་པ”མཚོའི་ནང་བདེ་བླག་ངང་འཛུལ་ནས་ལྷོ་ནུབ་ཧིན་རྡུ་རྒྱ་མཚོའི་རང་རྒྱལ་གྱི་ལྕགས་རིགས་མང་བའི་མུ་ཟི་འགྱུར་རྫས་རྩད་ཞིབ་གན་རྒྱའི་ལས་སྒྲུབ་ཁུལ་དུ་2018ལོའི་མཚོར་འཛུལ་ཐེངས་དང་པོ་བྱས་ཏེ། ཞིབ་ཚགས་པའི་ས་གཤིས་ས་དབྱིབས་ཀྱི་གྲངས་གཞི་དང་ཚོར་སྐྱེན་ཡོ་ཆས་སྣ་ཚོགས་ལ་བརྟེན་པའི་འཚོལ་ཞིབ་ཐིག་ལེན་གྱི་གྲངས་གཞི་འབོར་ཆེན་ཞིག་ཤེས་རྟོགས་ཐུབ་ཡོད།
         “མཚོར་འཛུལ་རྟགས་ཅན་གཉིས་པས”ལྕགས་རིགས་མང་བའི་མུ་ཟི་འགྱུར་རྫས་རྩད་ཞིབ་གན་རྒྱའི་ལས་སྒྲུབ་ཁུལ་གྱི“ཡུས་ཧོང”གི་ཚ་རླངས་ཞུན་མ་རྒྱུ་ཁུལ་ལ་འཚོལ་ཞིབ་ཐིག་ལེན་བྱས་པ་ནི“མཚོར་འཛུལ་རྟགས་ཅན་གཉིས་པ”རྒྱ་མཚོར་ཐེངས་ཞེ་དགུ་པ་བསྐྱོད་པའི་མཚོར་འཛུལ་ཐེངས་དང་པོ་དེ་རེད་ལ། མཚོར་འཛུལ་རྟགས་ཅན་གཉིས་པའི་མཚོར་འཛུལ་ཐེངས་ཞེ་བཅུ་པའང་རེད།
      

    ཕྱོགས་བསྡུས་གསར་འགྱུར།