འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་གངས་ཆེན་བབས་པས། དྲག་ཆས་ཉེན་རྟོག་
    དཔུང་སྡེ་ཞིག་གིས་འགྲིམ་འགྲུལ་རོགས་སྐྱོར་སྟོབས་ཤུགས་ཀྱིས་མྱུར་སྐྱོབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་གངས་ཆེན་བབས་པས། དྲག་ཆས་ཉེན་རྟོག་
དཔུང་སྡེ་ཞིག་གིས་འགྲིམ་འགྲུལ་རོགས་སྐྱོར་སྟོབས་ཤུགས་ཀྱིས་མྱུར་སྐྱོབ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། གསར་འགོད་པས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་ནས་ཤེས་རྟོགས་བྱུང་གསལ་དུ། ཁ་སང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་སོགས་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་དུ་གངས་ཆེན་བབས་ནས་ལམ་ངོས་སུ་གངས་མཐུག་ཚད་ལི་སྨི་10ཙམ་ཟིན་ནས་རྒྱལ་ལམ་219ཡི་ཤིན་བོད་གཞུང་ལམ་གྱི་ལམ་བུ་ཁག་གཅིག་འགག་སྟེ། མི་གྲངས་80ལྷག་ཙམ་དང་། འཁོར་རིགས་40ལྷག་ཙམ་ལམ་བར་དུ་ལུས་ཡོད་པ་རེད།
         རྒྱལ་ལམ་219ཡི་བདག་སྐྱོང་ཤར་གཏོང་ལས་འགན་ཁུར་མཁན་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་ཏུ་སྙན་སེང་འབྱོར་རྗེས་འཕྲལ་མར་གངས་འཕྱག་ཤར་གཏོང་དང་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་འཆར་གཞི་བཟོས་ནས། གངས་འཕྱག་རུ་ཁག་2དང་། དཔོན་དམག་15 གངས་འཕྱག་སྒྲིག་བཀོད་ཆེ་གྲས་5མངགས་ཏེ་གངས་འཕྱག་ཤར་གཏོང་དང་བབ་བསྟུན་རོགས་སྐྱོབ་ཀྱི་ལས་ཀ་བྱས་ཡོད། རོགས་སྐྱོབ་སྟོབས་ཤུགས་དེ་གནོད་འཚེ་བྱུང་བའི་ས་ཁོངས་སུ་འབྱོར་རྗེས། “སྔོན་ལ་ཤར་གཏོང་དང་དེ་རྗེས་རྒྱ་སྐྱེད། དུས་གཅིག་ཏུ་སྤེལ་བ”ཞེས་པའི་ལས་ཀ་བྱེད་སྟངས་ལ་བརྟེན་ནས་ལམ་བུ་མྱུར་བཟོ་བྱས་ནས། ཆུ་ཚོད་5ཙམ་རིང་འབད་འཐབ་བྱས་མཐར་ཟླ་2ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར། གངས་གསོག་ཚད་སྤྱི་ལེ་100ལྷག་ཙམ་གཙང་སེལ་ཐུབ་པས། བགྲོད་ལམ་སྤྱིའི་ཆ་ནས་སླར་གསོ་ཐུབ་ཡོད།
         ཉེ་ཆར། མངའ་རིས་ས་ཁུལ་དུ་གངས་ཆེན་གྱི་ཉེན་བརྡ་ཁྱབ་བསྒྲགས་རྒྱུན་མཐུད་བྱས་ཤིང་། རུ་ཁག་འདིས་གཞུང་ལམ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་དེ་བཞིན་འཕྲལ་སྡོམ་དང་ལེན་བྱས་པ། གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ལས་དོན་ཁག་ཡག་པོར་བསྒྲུབས་ནས། ས་གནས་དེ་གའི་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། 
    ༄༅།།བོད་ལྗོངས་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་གངས་ཆེན་བབས་པས། དྲག་ཆས་ཉེན་རྟོག་
དཔུང་སྡེ་ཞིག་གིས་འགྲིམ་འགྲུལ་རོགས་སྐྱོར་སྟོབས་ཤུགས་ཀྱིས་མྱུར་སྐྱོབ་བྱས་པ།
    ༄༅།།བོད་ལྗོངས་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་གངས་ཆེན་བབས་པས། དྲག་ཆས་ཉེན་རྟོག་
དཔུང་སྡེ་ཞིག་གིས་འགྲིམ་འགྲུལ་རོགས་སྐྱོར་སྟོབས་ཤུགས་ཀྱིས་མྱུར་སྐྱོབ་བྱས་པ།
    ༄༅།།བོད་ལྗོངས་ནུབ་རྒྱུད་ཀྱི་ས་ཆ་མང་པོར་གློ་བུར་གངས་ཆེན་བབས་པས། དྲག་ཆས་ཉེན་རྟོག་
དཔུང་སྡེ་ཞིག་གིས་འགྲིམ་འགྲུལ་རོགས་སྐྱོར་སྟོབས་ཤུགས་ཀྱིས་མྱུར་སྐྱོབ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།