འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་གྱི་མཁོ་ཆས་སྙེ་མ་བཟོ་ཚུལ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 16:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ཆུ་དྲོན་མོ་ནང་ཚོས་སྦོང་བ།
    ཆུ་དྲོན་མོ་ནང་ཚོས་སྦོང་བ།
         མི་དམངས་དྲ་བའི་འཕྲིན། ལོ་གསར་འཆར་ལ་ཉེ་བའི་སྐབས། བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་ཡོད་པའི་ཕྱེ་མར་འབོ་ཡི་ཐོག་ཏུ་བདེ་སྐྱིད་དང་ལོ་ལེགས་འབྱུང་བ་མཚོན་པའི་ལོ་གསར་གྱི་མེ་ཏོག་ཏེ་སྙེ་མ་བཙུགས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱི་ལོ་གསར་མཁོ་ཆས་ཁྲོམ་ར་ཐོག་གི་སྙེ་མ་མང་ཤོས་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་བཟང་མོ་གྲོང་ཚོ་ནས་ཐོན་པ་ཡིན་ལ། ཉེ་ཆར། གསར་འགོད་པ་གྲོང་ཚོ་དེ་གར་ཕྱིན་ཏེ་པ་སངས་ཁྱིམ་ཚང་གི་སྙེ་མ་བཟོ་བའི་གོ་རིམ་ཟིན་བྲིས་སུ་བཀོད་ཡོད་པ་རེད། སྙེ་མ་བཟོ་བའི་ཚོས་མང་ཆེ་བ་ནི་བལ་ཡུལ་ནས་ཡིན་པ། དབྱར་དུས་ནས་ཀྱི་སྙེ་མ་བརྔས་རྗེས་སྐམ་ནས་ལོ་གསར་སྐབས་ཀྱི་ཚོས་ལྡན་སྙེ་མ་བཟོ་གྲབས་བྱེད་པ། སྙེ་མ་ཆུན་བུ་གཅིག་ལ་སྒོར་3ཡིན་པ་དང་། ལོ་རེར་ལག་རྩལ་འདི་ལས་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པ། ཆུན་བུ་གཅིག་ལ་སྙེ་མ་རྐང་5རེ་ཡོད་ལ། དེ་དག་ནི་དམར་པོ་དང་སེར་པོ། ལྗང་ནག ལྗང་སྐྱ་སོགས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    སྙེ་མར་ཚོས་རྒྱག་པ།
    སྙེ་མར་ཚོས་རྒྱག་པ།
      

    ཕྱོགས་བསྡུས་གསར་འགྱུར།