འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་འཛད་སྤྱོད་མཐུན་ཚོགས་ཀྱིས་དཔྱིད་གསར་དང་བོད་ཀྱི་ལོ་གསར་རིང་ལ་
    འཛད་སྤྱོད་སྐོར་གྱི་ཉེན་བརྡ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་འཛད་སྤྱོད་མཐུན་ཚོགས་ཀྱིས་དཔྱིད་གསར་དང་བོད་ཀྱི་ལོ་གསར་རིང་ལ་
འཛད་སྤྱོད་སྐོར་གྱི་ཉེན་བརྡ་བཏང་བ།
          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དང་བོད་ཀྱི་ལོ་གསར་སླེབས་ཉེའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཕལ་མོ་ཆེས་དུས་ཆེན་གྱི་འདུ་འཛོམས་དང་། དངོས་ཟོག་ཉོ་བ། ཕྱི་རུ་སྐྱོད་པ་སོགས་བཀོད་སྒྲིག་གནང་བཞིན་ཡོད་སྟབས། གྲོང་མིའི་འཛད་སྤྱོད་ཀྱི་མཐོ་རླབས་འཕྱུར་སྒང་དུ་སླེབས་ཡོད། འཛད་སྤྱོད་པར་ཐུག་ངེས་པའི་འཛད་སྤྱོད་ཀྱི་དོན་ལ། བོད་རང་སྐྱོང་ལྗོངས་འཛད་སྤྱོད་མཐུན་ཚོགས་ཀྱིས་2018ལོའི་དཔྱིད་གསར་དང་། བོད་ཀྱི་ལོ་གསར་སྐབས་འཛད་སྤྱོད་ཀྱི་ཉེན་བརྡ་ཆེ་ཁག་བཞི་བཏང་བ་རེད། 
          ●ཉེན་བརྡ་དང་པོ། བདེ་ཐང་ནི་གལ་ཆེ་ཤོས་ཡིན་པ། 
          ལོ་རྒས་ན་གལ་ཆེ་ཤོས་གང་ཞིག་རེད་དམ། དེ་ནི་བདེ་ཐང་རེད། "ཟས་རིགས་དཀྱུས་མ་དང་། ཡོ་བྱད། ཉིན་མཁོའི་དངོས་རྫས་བཅས་པ་རྫུ་འཕྲུལ་ལྟ་བུར་འགྱུར་བ་བྱུང་བ་དང་ལུས་ཁམས་བདེ་སྲུང་གི་ངོ་མཚར་ཕན་ནུས་ལྡན་པར་འགྱུར་བས། རྒན་རྒོན་ཚོ་བློ་འགྱོད་མེད་པར་ཉོ་བར་བྱེད་པ་རེད།" བོད་རང་སྐྱོང་ལྗོངས་འཛད་སྤྱོད་མཐུན་ཚོགས་ཀྱིས། "དོན་མེད་རྔན་པ་སུ་ཡིས་སྟེར"ཟེར་བ་ཡིན་པས། འཛད་སྤྱོད་པ་སྤྱི་དང་ལྷག་པར་རྒན་རྒོན་འཛད་སྤྱོད་པས། ཚོང་ཟོག་དེ་རིགས་ཉོ་སྐབས་ངེས་པར་ཡིད་གཟབ་གནང་དགོས་ཤིང་། མགོ་སྐོར་འོག་མ་ཚུད་པར་གནང་དགོས་ཚུལ་དྲན་སྐུལ་གནང་བ་རེད། 
         ●ཉེན་བརྡ་གཉིས་པ། འཛད་སྤྱོད་ཀྱི་འཛིན་རྟགས་སྣ་ཚོགས་ཉར་ཚགས་ཡག་པོར་བྱེད་པ། 
         མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས། ལོ་གསར་གནམ་གང་གི་གསོལ་ཚིགས་མངགས་སྒང་དུ་སླེབས་ཅིང་། ཞུ་སྦྱོར་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། "དེའི་ནང་ནས་དོན་དག་གཙོ་བོ་ནི་གོང་ཚད་དོན་དང་མ་མཐུན་པ་དང་། ཚད་དང་འབོར་གྲངས་སྔོན་མངགས་དང་མི་མཚུངས་པ། རྒྱུ་ཆ་སོས་པ་མ་ཡིན་པ་དང་། རུལ་བའི་རིགས་དང་ལྡན་པ་སོགས་རེད།" བོད་རང་སྐྱོང་ལྗོངས་འཛད་སྤྱོད་མཐུན་ཚོགས་ནས། འཛད་སྤྱོད་པས་སྔོན་མངགས་མ་གནང་གོང་ལ། ཕ་རོལ་པོའི་ཚོང་གཉེར་ལག་ཁྱེར་དང་འཕྲོད་བསྟེན་གྱི་ཆོག་འཐུས་ལག་ཁྱེར་གསལ་པོ་མཁྱེན་པར་བྱེད་དགོས་པ་དང་། ཁང་གཅིག་མ་སྔོན་མངགས་བྱེད་ན། སྔོན་མངགས་འཛིན་ཤོག་ཐོག་ཏུ་གསོལ་ཚིགས་གནང་ཡུན་དང་ས་ཆ། སྔོན་མངགས་གསོལ་ཚིགས་བཅས་ཀྱི་འཛིན་ཤོག་ཉར་ཚགས་ཡག་པོར་བྱེད་དགོས་པའི་དྲན་སྐུལ་གནང་བ་རེད། 
         ●ཉེན་བརྡ་གསུམ་པ། སྤྱང་གྲུང་དོད་པོར་བྱས་ཏེ་མགོ་སྐོར་འོག་མི་ཚུད་པར་བྱེད་པ། 
         དཔྱིད་གསར་དང་། བོད་ཀྱི་ལོ་གསར་ཤར་ཉེའི་དུས་སུ། ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཞིང་འབྲོག་ཁྲོམ་ར་སོགས་ཆེ་གྲས་སུ་ལོ་གསར་གྱི་མཁོ་རྫས་འཚོང་བ་མཐོང་རྒྱུ་ཡོད་པ་དང་། མ་རུང་ཁོག་བཅུག་གི་ཚོང་དུད་འགའ་རེས"ལག་རྟགས་སྤྲོད་པའི"བྱེད་སྒོ་སྤེལ་སྐབས། འཛད་སྤྱོད་པར་འཕྲིན་ཕྲན་ལ་དོ་སྣང་དགོས་རེའི་ཐོག་ནས་རྩ་གཉིས་རྟགས་རིས་བཤར་འབེབས་བྱེད་དུ་འཇུག་པ་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ལག་ཁྱེར་ཁ་པར་ཨང་གྲངས་སོགས་འབྲི་རུ་འཇུག་ངེས། དེ་སྐབས་ཡིད་གཟབ་གནང་དགོས་པ་ཞིག་ལ། བྲིན་འཚོང་གི་ཚོང་རྗས་ཉོ་སྐབས། འཛད་སྤྱད་པས་སྤུས་ཚད་ཁག་ཐེག་བྱེད་ཡུན་དང་དེ་བཞིན་དྲིལ་བསྒྲགས་ཀྱི་གསལ་བརྡར་གཡོ་ཁྲམ་གྱི་སྣང་ཚུལ་ལྡན་མིན་གསལ་པོར་བལྟ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྒེར་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་བླངས་ཏེ"ལག་རྟགས་སྤྲོད་རིགས"ཁ་ཤས་ནི་གྲ་སྒྲིག"ཨང་གསར"བྱས་པའི་མགོ་སྐོར་གཡོ་ལེན་དཔེ་གསར་ཡིན་ཞིང་། གཡོ་ཁྲམ་ཅན་པས་ཆ་འཕྲིན་རགས་ཐབས་ལ་བརྟེན་ནས་རྩིས་ཨང་ཕྱེ་ནས་རྒྱུ་དངུལ་ལེན་པར་བྱེད་པས། འཛད་སྤྱོད་པ་ཉིད་ཀྱིས་མ་ཤེས་པར་ཉིད་ལ་བུ་ལོན་ཟུག་ཏུ་འཇུག་པས། འཛད་སྤྱོད་པ་མགོ་སྐོར་འོག་ཚུད་ཉེན་ཡོད་པས་ཡིད་གཟབ་གནང་དགོས། 
         ●ཉེན་བརྡ་བཞི་པ། ཡུལ་སྐོར་ཁྲོམ་རར་གཡོ་སྒྱུ་ལྡན་མིན་ཡིད་གཟབ་གནང་དགོས་པ། 
         དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་རིང་ལ་ཕྱི་རུ་ཡུལ་སྐོར་ལ་ཕེབས་ན། ཡུལ་སྐོར་ཁྲོམ་རར་གཡོ་སྒྱུ་ལྡན་མིན་ཡིད་གཟབ་གནང་དགོས། ཡུལ་སྐོར་ལས་དོན་ཁང་འདེམས་སྐབས"ལག་ཁྱེར་གསུམ་དང་འགན་བཅོལ་གཅིག"(ཡུལ་སྐོར་ལས་དོན་ཁང་གི་ལས་གཉེར་ཆོག་འཐུས་ལག་ཁྱེར་དང་། ལས་གཉེར་ལག་ཁྱེར། དཔྱ་ཁྲལ་ཐོ་འགོད་ལག་ཁྱེར་བཅས་དང་འགན་བཅོལ་གྱི་འགན་འཁྲི་འཁུར་བ)ཡོད་མིན་ལ་བལྟ་དགོས། གོང་ཁེའི་ཆེད་དུ་ཡུལ་སྐོར་ལས་དོན་ཁང་གོང་ཁེ་སྤུས་ཞན་རིགས་གདམ་མི་རུང་བ་དང་། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་གྱི་གན་རྒྱ་བཞག་ནས། ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོ་རྒྱུར་ཡིད་གཟབ་གནང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།