འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རྣམས་ཧ་ལས་པའི་ཀྱག་ཀྱོག་མང་བའི་གཞུང་ལམ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མི་རྣམས་ཧ་ལས་པའི་ཀྱག་ཀྱོག་མང་བའི་གཞུང་ལམ།
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་127.5གསར་བཟོ་བཅོས་སྐྲུན་བྱས་པ་དང་། ཤང་གྲོང་99.24%དང་སྒྲིག་ཁོངས་གྲོང་ཚོ་98.34%ལ་སྣུམ་ཞལ་གཞུང་ལམ་དང་ཨར་འདམ་གཞུང་ལམ་ཤར་གཏོང་བྱས་པས། གྲོང་གསེབ་ཀྱི"ཕྱིར་འགྲོ་སྐྱོད་དཀའ"བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད། དབུལ་ཕོངས་ས་ཁུལ་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱས་ཏེ་ཐོན་ཁུངས་ལམ་དང་ཡུལ་སྐོར་ལམ། ཐོན་ལས་ལམ་བཅས་ཧ་ལམ་སྤྱི་ལེ་ཁྲི་4བསྒྱུར་བཀོད་དང་འཛུགས་སྐྲུན་བྱས་པས། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཁག་གཅིག་བགྲོད་ལམ་བསྐྲུན་པ་ནས་འཛུགས་གཉེར་བྱེད་འགོ་ཚུགས་པ་དང་། བགྲོད་ལམ་བསྐྲུན་པའི་རྐྱེན་གྱིས་དར་རྒྱས་བྱུང་བ་རེད།
         སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་མེ་ཞིན་གྲོང་རྡལ་ཏ་པ་གྲོང་ཚོའི་གྲོང་གསེབ་ཀྱི་གཞུང་ལམ་ནི་ས་བབ་མཐོ་ཚད་སྨི་3000ཡོད་སར་བསྐྲུན་ཡོད་པ་དང་། བགྲོད་ལམ་ཀྱག་ཀྱོག་མང་ཞིང་། གཞུང་ལམ་སྤྱི་ལེ་8.35སྲ་སྒྱུར་ལས་གྲྭ་ལག་བསྟར་བྱས་རྗེས། གྲོང་ཚོ་དེའི་མི་གྲངས་223ལྷག་ཕྱིར་འགྲོ་སྐྱོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
    ༄༅།།མི་རྣམས་ཧ་ལས་པའི་ཀྱག་ཀྱོག་མང་བའི་གཞུང་ལམ།
    ༄༅།།མི་རྣམས་ཧ་ལས་པའི་ཀྱག་ཀྱོག་མང་བའི་གཞུང་ལམ།
      

    ཕྱོགས་བསྡུས་གསར་འགྱུར།