འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"པེ་ཅིང་གི་སྐར་མ་བརྒྱད"ཀྱི་འཁྲབ་སྟོན་སྒྲིག་ཆས་ཕིང་ཁྲང་དུ་དབོར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་25ཉིན་འཚོག་རྒྱུའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་པེ་ཅིང་གིས་སྐར་མ་བརྒྱད་ཀྱི་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “པེ་ཅིང་གི་སྐར་མ་བརྒྱད”ཀྱི་ཚོགས་པའི་ལག་རྩལ་ཚོགས་པ་དང་། རྩོམ་བཟོ་ཚོགས་པ། འཁྲབ་ཁྲིད་པའི་ཚོགས་པ་བཅས་མི་60ལྷག་ཙམ་ཧན་གོའི་ཕིང་ཁྲང་དུ་འབྱོར་ནས་སྒྲིག་ཆས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད། རུ་མི་ཕལ་ཆེ་བ་ཚེས་17ཉིན་(དཔྱིད་གསར་དུས་ཆེན་གྱི་ཚེས་པ་གཉིས)ཕིང་ཁྲང་དུ་འབྱོར་རྒྱུ་རེད། སྒྲིག་ཆས་ཚང་མ་ལེགས་སྒྲིག་ཡག་པོ་བྱུང་རྗེས། “པེ་ཅིང་གི་སྐར་མ་བརྒྱད”ཀྱི་འཁྲབ་སྟོན་ཚོགས་པས་ཚེས་18ཉིན་ནང་སྦྱོང་ཐེངས་དང་པོ་བྱ་རྒྱུ་དང་ཚེས་21ཉིན་ནས་ཚེས་23ཉིན་བར་ཧན་གོ་ཕྱོགས་དང་མཉམ་འབྲེལ་ནང་སྦྱོང་བྱ་རྒྱུ་དང་འབྲེལ། ཚེས་25ཉིན་དངོས་སུ་འཁྲབ་སྟོན་བྱས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་པེ་ཅིང་དུས་འཁོར་འགོ་ཚུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།