འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་ངོས་འཕྲུལ་མིས་གླིང་སྣེར་ལམ་དཔྱད་ཐེངས་དང་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ཐེངས་34ཁྲོད་ཀྲུང་གོ་ཚན་རིག་ཁང་ཧྲེན་དབྱང་རང་འགུལ་ཅན་ཞིབ་འཇུག་སུའོ་ཡིས་རང་བརྟེན་ཞིབ་བཟོ་བྱས་པའི་འཁྱག་དཔྱད་འཕྲུལ་མིས་ཉིན་ཤས་གོང“ལྷོ་སྣེའི་ཨའེ་མོ་ལི་འཁྱག་སྒྲོམ་ས་དབྱིབས་རྩད་ཞིབ”རྣམ་གྲངས་ཀྱི་ས་ངོས་རྩད་བཤེར་གྱི་ཚོད་ལྟའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་འདི་ནི་རང་རྒྱལ་གྱི་ས་ངོས་འཕྲུལ་མི་གླིང་སྣེར་འཁྱག་དཔྱད་ལམ་འཚོལ་བྱེད་ཐེངས་དང་པོ་ཡིན་པ་རེད།
         ས་གནས་དངོས་སུ་ལག་བསྟར་བྱེད་མཁན། ཀྲུང་གོ་ཚན་རིག་ཁང་ཧྲེན་དབྱང་རང་འགུལ་ཅན་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་སུའེ་ཅིས“ལྷོ་སྣེའི་ཨའེ་མོ་ལི་འཁྱག་སྒྲོམ་ས་དབྱིབས་རྩད་ཞིབ”རྣམ་གྲངས་ལ་འཕྲུལ་མིས་ཉིན་25རིང་ལམ་ཚད་སྤྱི་ལེ་200ལྷག་ཙམ་བསྐྱོད་པ་དང་ལས་འགན་སྒྲུབ་པའི་ལམ་ཚད་སྤྱི་ལེ་140ཙམ་ཟིན་པ། ས་གནས་ས་ཐོག་ཏུ་ཚད་ལེན་དང་བེད་སྤྱོད་བྱས་ནས་འཁྱག་དཔྱད་འཕྲུལ་མིའི་མ་ལག་ཇུས་འགོད་ཀྱི་ནུས་ལྡན་རང་བཞིན་ར་སྤྲོད་ཐུབ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།