གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 02ཚེས་11ཉིན། 17:12】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན། དབེན་ཞིང་འཇམ་པའི་ལེགས་པོའི་རོང་ནང་དུ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་གྲགས་ཤིང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གྱིས་ཞོགས་པའི་ཉི་འོད་བསུ་བཞིན་མཐའ་མཚམས་གྱི་གྲོང་ཚོ་ཆུང་ངུ་འདིར་དལ་བུར་བསྒྲེངས། ཉིན་དེར། “མཆོག་ཏུ་གྱུར་པའི་རྒྱལ་ཁོངས་སྲུང་མཁན། བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་མཁན”ཞེས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་འགོ་འཛུགས་པའི་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དུ་སྤེལ་བ་རེད།
སླད་མོན་པ་མི་རིགས་ཤང་གི་ནུབ་ངོས་འབྲུག་ཡུལ་དང་ས་འབྲེལ་ཡིན་པ་དང་། ལྷོ་ངོས་རྒྱ་གར་གྱིས་ཚོད་འཛིན་བྱས་པའི་རྟ་དབང་ས་ཁུལ་དང་འབྲེལ་ཞིང་། ལྷོ་ཁ་ཙམ་མ་ཟད་རྒྱལ་ཡོངས་ཀྱི་མཐའ་མཚམས་ཤང་གྲོང་གལ་ཆེན་གྲས་ཤིག་རེད།
བཅར་འདྲི་བྱེད་པའི་རིང་། མང་ཚོགས་ཀྱི་ངོ་གདོང་ལས་ཡིད་ཚིམས་པ་དང་བདེ་སྐྱིད་ཀྱི་འཛུམ་མདངས་ཕྱུང་བ་དེས་བག་ཆགས་ཟབ་མོ་འཇོག་པ་དང་། ལྷག་པར་དུ་ལག་པར་སྐར་ལྔའི་དར་དམར་ཐོགས་པའི་གྲོགས་པོ་ཆུང་ངུ་ཚོ་ནི། “དར་དམར་སྒྲེང་མཁན་”ཆུང་ངུ་དང་འདྲ་བར་མི་རྣམས་ལ་བག་ཆགས་དེ་བས་ཟབ་མོ་འཇོག་གིན་གདའ། ཁོ་ཚོ་ག་ལེར་རི་གྲོང་དུ་འཚར་ལོངས་ཡོང་གི་རེད།
【1】
【2】
【3】
【4】
【5】