འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་གྲོང་ལྷ་སར་ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གནའ་གྲོང་ལྷ་སར་ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན། གནའ་གྲོང་ལྷ་སའི་ཕོ་བྲང་པོ་ཏ་ལ་ཐང་ཆེན་དུ་དམར་ལམ་ལམ་གྱི་ལྒང་སྒྲོན་མཐོན་པོར་བཀལ་བ་ལས། དུས་ཆེན་གྱི་རྣམ་པ་སྟུག་པོས་ཁེངས་ཡོད་པ་རེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་ཉེ་བ་དང་ཆབས་ཅིག་གནའ་གྲོང་ལྷ་སའི་ཁྲོམ་ལམ་དུ་ལོ་གསར་གྱི་རྣམ་པ་ཉིན་རེ་ལས་ཉིན་རེར་སྟུག་པོར་སྣང་བ་རེད།
           གནའ་གྲོང་ལྷ་སའི་ཁ་ཟས་ཉོ་ཚོང་ཉིན་བཞིན་བྲིན་ཁ་རྒྱུག་པོ་ཡོད་པ་རེད། ཁ་ཟས་ནི་སྣུམ་བཙོས་ཟས་རིགས་ཤིག་ཡིན་ཞིང་། བོད་རིགས་ཁྱིམ་ཚང་གིས་སྐུ་མགྲོན་སྣེ་ལེན་ཞུ་རྒྱུའི་ཞལ་ཏོག་ཞིག་ཡིན་ལ། བོད་ཀྱི་ལོ་གསར་སྐབས་སུ་དགོས་ངེས་ཀྱི་ལོ་གསར་མཁོ་དངོས་ཤིག་ཀྱང་རེད། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་ཁ་ཟས་དང་། རྩེ་སྒྲོ  ནས་ཀྱི་སྙེ་མ་སོགས་ལོ་གསར་མཁོ་དངོས་བདམས་ཉོ་བྱེད་འགོ་ཚུགས་ཡོད་པས། ཁྲོམ་གཞུང་དུ་ལོ་གསར་གྱི་རྣམ་པ་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།གནའ་གྲོང་ལྷ་སར་ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།