འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤྱི་བདེ་སྡེ་ཚན་གིས་གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་དོན་ཁག་8གཅིག་བསྡུས་
    ཐོག་ནས་རྩད་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སྤྱི་བདེ་སྡེ་ཚན་གིས་གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་དོན་ཁག་8གཅིག་བསྡུས་
ཐོག་ནས་རྩད་ཆོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན། བོད་རང་སྐྱོང་ལྗོངས་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས"རྡུང་རྡེག་གསུམ་དང་བཅོས་སྐྱོང་གཅིག"གི་ཆེད་དོན་ལས་འགུལ་བསྟུད་མར་གཏིང་ཟབ་སྤེལ་ཏེ་གློག་འཕྲིན་དྲ་སྦྲེལ་གྱི་ཁྲིམས་འགལ་བྱས་ཉེས་དཔེ་གསར་གསོག་པར་རྡུང་རྡེག་དྲག་པོར་བཏང་ཞིང་། ཉེ་དུས། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་འཕྲིན་ཕྲན་དྲ་སྦྲེལ་ལས་གནས་གཅིག་ལྕོགས་ཀྱི་མགོ་སྐོར་གཡོ་ལེན་གྱོད་དོན་ཁག་5དང་། འགོ་ཁྲིད་ཀྱི་ཁ་པར་ཡིན་ཁུལ་གྱི་མགོ་སྐོར་གཡོ་ལེན་གྱོད་དོན་ཁག་3གཅིག་བསྡུས་ཐོག་ནས་རྩད་ཆོད་དེ། ཉེས་གསོག་དོགས་ཅན་པ་6བཟུང་བ་དང་། དེ་འབྲེལ་ཉེས་གསོག་དོགས་ཅན་པ་4དམིགས་འཛིན་ལམ་ལྷོང་བྱུང་བ་རེད། 
         2017ལོའི་ཟླ་9པ་ནས་ཟླ་12པ་བར་དུ། བོད་ལྗོངས་ཀྱི་ས་ཁུལ་ཁག་ཏུ་གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་གྱོད་དོན་བསྟུད་མར་ཐོན། གྱོད་དོན་ཐོན་པའི་རྗེས། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་གཙོ་གནད་དུ་སྒྲུབ་རྒྱུའི་ལྟ་སྐུལ་བྱས་ཏེ། འཕྲལ་མར་ཆེད་དམིགས་གྱོད་དོན་ཚོ་ཆུང་བཙུགས་ཏེ། ཉེན་རྟོག་ཧྲག་སྒྲུག་སྐོང་འཐེན་གྱིས་གཅིག་བསྡུས་ཐོག་འགག་སྒྲོལ་མྱུལ་ཞིབ་བྱས་པ་རེད། ཆ་འཕྲིན་དང་། མ་དངུལ་རྒྱུན་འཁོར་ཕྲེང་བ་སྟར་བརྒྱུད་ཚུལ་གྱིས་ཞིབ་འཇུག་རྡར་གཅོད་དང་རྩད་གཅོད་འཚོལ་ཞིབ་བྱས་པ་དང་། མྱུར་ཞིབ་ཚགས་ཚུད་བྱས་པའི་རྗེས། མཉམ་འབྲེལ་དམིགས་བསལ་གྱོད་དོན་ཚོ་ཆུང་གིས་ཉེས་གསོག་དོགས་ཅན་པའི་བྱས་ཉེས་གསོག་ཡུལ་དམིགས་འཛིན་རགས་ཙམ་ཐུབ་ཡོད། 
         2017ལོའི་ཟླ་12ཚེས་10ཉིན། མཉམ་འབྲེལ་དམིགས་བསལ་གྱོད་དོན་ཚོ་ཆུང་གིས་འཕྲལ་ཐག་ཆོད་པོར་ཕར་རྒོལ་བྱས་ཏེ། འཕྲལ་མར་ཀོང་ཏུང་དང་། ཧུའུ་ནན་སོགས་སུ་བསྐྱོད་དེ་རང་སར་ཞིབ་བསྡུར་དང་གཅིག་བསྡུས་ཐོག་འདེད་འཛིན་ལས་དོན་སྒྲུབ་པ་རེད། དམིགས་བསལ་གྱོད་དོན་ཚོ་ཆུང་གིས་ཞིང་ཆེན་2དང་། གྲོང་ཁྱེར་དང་རྫོང་7རིམ་པར་བརྒྱུད་དེ་སྤྱི་ལེ་ཁྲི་3ཙམ་བསྐྱོད་དེ། བསྟུད་མར་ཉིན་མཚན་40རིང་འབད་འཐབ་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་སྤྱི་བདེ་མྱུལ་ཞིབ་སྡེ་ཚན་གྱི་རོགས་སྐྱོར་ཤུགས་ཆེན་བྱས་པར་བརྟེན། 2018ལོའི་ཟླ་དང་པོའི་ཚེས་11ཉིན་དོགས་ཡོད་ཉེས་ཅན་པ་འཛིན་ཐུབ་པ་བྱུང་བ་རེད།
    ༄༅།།བོད་ལྗོངས་སྤྱི་བདེ་སྡེ་ཚན་གིས་གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་དོན་ཁག་8གཅིག་བསྡུས་
ཐོག་ནས་རྩད་ཆོད་པ།
      

    ཕྱོགས་བསྡུས་གསར་འགྱུར།