འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྲོའུ་ཡི་དབུལ་སྒྲོལ་དུད་ཚང་གི་ཡོང་འབབ་གསོག་སྟངས་སྣ་མང་ཅན་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་གསར་འཆར་ལ་ཉེ་བ་དང་། དབྱིང་ཚུན་49ཡོད་པའི་བརྙན་འཕྲིན་གསར་པ་སྲབ་མོ་འདི་ཉོས་པ་ཡིན། ལོ་གསར་གྱི་མཁོ་ཆས་མང་ཆེ་བ་གྲ་སྒྲིག་བྱས་ཚར་སོང”ཞེས་སི་ཁྲོན་དཀར་མཛེས་ཀྲོའུ་རྟའུ་རྫོང་རྡོ་སྤུངས་གཞའ་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་གི་དོན་གྲུབ་ཚུལ་ཁྲིམས་ཀྱིས་གདོང་ལས་འཛུམ་མདངས་འཕྱུར་བཞིན་བརྗོད།
         དོན་གྲུབ་ཚུལ་ཁྲིམས་འདི་ལོ་ལོ་62ཡིན་པ་དང་། དེ་སྔོན་མ་དངུལ་མི་འདང་བ་དང་ས་ཁྱོན་ཆེན་པོ་མེད་པས་དུས་ཡུན་རིང་པོ་འབུ་བསྔོགས་ནས་བྱུང་བའི་ཡོང་འབབ་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ཁོང་དང་། བཟའ་ཟླ། བུ་གཉིས་བཅས་ཚང་མས་ལོ་གཅིག་ཧྲིལ་པོ་དཀའ་ལས་བརྒྱབ་ཀྱང་ཡོང་འབབ་སྒོར་8000ཙམ་ལས་ཡོང་གི་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད་སྟབས། གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོར་གཏན་འཁེལ་བྱས་པ་རེད།
         2017ལོར་དོན་གྲུབ་ཚུལ་ཁྲིམས་དང་ཁོང་གི་བཟའ་ཟླས་གྲོང་ཚོའི་མཉམ་ལས་ཁང་གི་འབྲི་གཡག་40ལྷག་ཙམ་ལ་གཡོག་བྱ་རྒྱུའི་འགན་འཁུར་བ་རེད། བུ་རྒན་པ་རྡོ་རྗེ་འཇམ་བློས་ཨར་ཁང་གི་གུས་ལུགས་གསོ་སྦྱོང་བྱས་རྗེས་དར་ཙེ་མདོའི་ཨར་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། བུ་གཞོན་པ་རྡོ་རྗེ་བློ་གྲོས་གློག་རིན་བསྡུ་མཁན་ཞིག་ཏུ་གྱུར་རྗེས་ཁྱིམ་ཚང་དེའི་ལོའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་ནས་དབུལ་སྒྲོལ་ཐུབ་པ་རེད།
         “དོན་གྲུབ་ཚུལ་ཁྲིམས་ཀྱི་ཁྱིམ་ཚང་ནི་ལས་ཀར་ཞུགས་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་རེད”ཅེས་རྡོ་སྤུངས་གཞའ་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བས་བརྗོད། བཞོན་མ་གསོ་སྤེལ་མཉམ་ལས་ཁང་བཙུགས་རྗེས་གྲོང་ཚོར་སླར་ཡང་འབྲི་ཏ་ས་འཛིན་འདེབས་འཛུགས་འཕེལ་རྒྱས་བཏང་བ་དང་འབྲེལ་སྐབས་དང་པོའི་སྟག་མ་མེ་ཏོག་དུས་ཆེན་གྲུབ་འབྲས་ཐོན་པའི་ངང་གཉེར་བ་དང་། ད་དུང་ཡུལ་སྐོར་སྣེ་ལེན་ཨར་ཁང་ཡོད་པས་དོན་གྲུབ་ཚུལ་ཁྲིམས་ལྟ་བུའི་ས་ཆ་དེ་གའི་མང་ཚོགས་10ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
         དབུལ་སྒྲོལ་བྱས་རྗེས་དོན་གྲུབ་ཚུལ་ཁྲིམས་ཁྱིམ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། ཕོ་ཁེབས་གྲལ་སྟར་འགྲིགས་པོས་བརྩིགས་ཡོད་པ་དང་། དབྱིང་ཚུན་49ཡོད་པའི་བརྙན་འཕྲིན་སྒེའུ་ཁུང་གི་འགྲམ་དུ་བཞག་པ། བོད་བཟོའི་ཅོག་ཙེ་གསར་པའི་སྟེང་དུ་བྱི་རིལ་དང་ཤིང་འབྲས་སྣ་ཚོགས་བསྒྲིགས་པ། ད་དུང་བཏུང་བྱ་སྣ་ཚོགས་སྤུངས་ཡོད་ལ་འཁྱག་སྒམ་དུ་བཟའ་བཅའ་སྣ་ཚོགས་བྱུར་བུར་གཏམས་ཤིང་རྒན་རྒོན་གྱི་བཞིན་ལས་འཛུམ་མདངས་སྔར་བས་འཕྱུར་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།