འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཀྲུང་གོའི་བོད་ཀྱི་རིག་གནས་ཀྱི་པར་རིས་འགྲེམས་སྟོན་འབར་མའི་རང་ཀོང་
    དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན་2017ལོའི་ཀྲུང་གོའི་བོད་ཀྱི་རིག་གནས་ཀྱི་པར་རིས་འགྲེམས་སྟོན་འབར་མའི་རང་ཀོང་དུ་འགོ་ཚུགས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་པར་རྒྱག་མཁས་ཅན་གྱི་བརྩམས་ཆོས་60ལྷག་ཙམ་གྱིས་ཕྱོགས་མི་འདྲ་བ་ནས་མཚོན་པའི་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སོགས་འགྲེམས་སྟོན་བྱས་པ་རེད།
         འགོ་འཛུགས་མཛད་སྒོར་ཞུགས་མཁན་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུང་ལིའང་གིས་ཤིས་ཚིག་ནང་། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་གྱིས་ཀྲུང་གོ་དང་འབར་མའི་སྤུན་ཟླ་ལྟར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དེས་འབར་མའི་ལས་རིགས་ཁག་གིས་བོད་ལ་ཤེས་རྟོགས་ཟབ་མོ་བྱེད་པར་ཕན་ཐོགས་ཡོད་ལ། འབར་མ་དང་བོད་དབར་གྱི་རིག་གནས་སྤེལ་རེས་ཀྱིས་ཀྲུང་གོ་དང་འབར་མའི་འབྲེལ་བར་གསོན་ཤུགས་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།
         འབར་མ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཧྲེང་ཝུན་ཨང་གིས་ཀྲུང་གོའི་བོད་ལྗོངས་དང་འབར་མའི་མཐའ་མཚམས་ས་སྦྲེལ་ཡིན་ལ། རིག་གནས་འདྲ་པོ་ཡོད་པས་ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ལས་འབར་མའི་དམངས་ཚོགས་ཀྱིས་བོད་ས་གནས་ཀྱི་སྤྱི་ཚོགས་དང་རིག་གནས་ལ་རྒྱུས་མངའ་ཆེ་རུ་སོང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་བཤད།
        བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི་མུ་ཏིག་ཅིག་རེད། བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དེའི་བཟོ་སྐྲུན་སྒྱུ་རྩལ་དང་། འཇིམ་བརྙན། རི་མོ། མཛེས་འཆོས། བཟོ་བཀོད་མཛེས་རྩལ་སོགས་དང་དེ་བཞིན་རོལ་དབྱངས་དང་། ཞབས་བྲོ། ཟློས་གར། སྐད་དང་ཡི་གེ རྩོམ་རིག བོད་ཀྱི་གསོ་བ་རིག་པ། གནམ་དཔྱད་སྐར་རྩིས་སོགས་ཀྱི་ཆུ་ཚད་ཧ་ཅང་མཐོ་པོར་སླེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།