འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རིན་སྤུངས་རྫོང་ཁོངས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་ཚོའི་འཚོ་བ་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་རིན་སྤུངས་རྫོང་ཁོངས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་ཚོའི་འཚོ་བ་གསར་པ།
         མི་དམངས་དྲ་བའི་འཕྲིན། 2006ལོའི་ཟླ་8པར། བོད་ལྗོངས་རིན་སྤུངས་རྫོང་གི་གཞན་དུ་གནས་སྤོ་བྱེད་མཁན་ཁག་གཅིག་བྱེ་བ་ཤང་དུ་གནས་སྤོས་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས་རྒྱལ་ཁབ་རིམ་པའི་གཞུང་ལམ་318པའི་ལམ་འགྲམ་དུ་ཁོང་ཚོར་གྲོང་སྡེ་གསར་པ་ཕུ་ལ་གྲོང་ཚོ་ཞེས་པ་ཞིག་བཙུགས་ནས་དུད་ཚང་རེ་རེར་ཁང་པ་གསར་པ་ཡོད་པར་གྱུར་པ་རེད། གྲོང་སྡེ་གསར་པར་སྤོས་ནས་ཡུན་རིང་མ་སོང་བར་ཚེ་རིང་སྐྱིད་འཛོམས་དང་ཁོང་མོའི་བཟའ་ཟླ་ཡིས་རང་གི་ཁྱིམ་ཚང་དུ་བོད་ཟས་ཁང་ཞིག་གཉེར་བ་རེད། འཕྲོད་བསྟེན་གཙང་ལ་བྲོ་བ་ཞིམ་པས། མི་གཅིག་གིས་གཉིས་ལ་བརྒྱུད་བཤད་བྱས་ནས་བོད་ཟས་ཁང་ཉིན་རེ་ལས་ཉིན་རེར་དར་རྒྱས་ཕྱིན་པ་རེད། གྲོང་ཚོ་གསར་པའི་འགྲིམ་འགྲུལ་སྟབས་བདེ་བ་དང་། འདིར་ཡོད་པའི་མང་ཚོགས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་ལས་ལམ་གསར་གཏོད་བྱས་པར་བརྟེན་ལོ་11རིང་ལ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེར་གཙང་སྒོར་6000རེ་འཕར་བ་རེད།
    ༄༅།།བོད་ལྗོངས་རིན་སྤུངས་རྫོང་ཁོངས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་ཚོའི་འཚོ་བ་གསར་པ།
    ༄༅།།བོད་ལྗོངས་རིན་སྤུངས་རྫོང་ཁོངས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་ཚོའི་འཚོ་བ་གསར་པ།
      

    ཕྱོགས་བསྡུས་གསར་འགྱུར།