འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པའི་དཔེ་དེབ་ཁང་གིས་ལོ་བཅུའི་རིང་དཔེ་དེབ་དུང་ཕྱུར་11ལྷག་ཙམ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོ་ནི་ཞིང་པའི་དཔེ་དེབ་ཁང་ཕྱོགས་ཡོངས་ནས་བསྐྲུན་ཏེ་ལོ་10འཁོར་བའི་དུས་ཡིན་པ་དང་། ཟླ་12ཚེས་18ཉིན་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ལེའོ་ཉིང་ཧྲན་དབྱང་དུ་ཞིང་པའི་དཔེ་དེབ་ཁང་ཕྱོགས་ཡོངས་ནས་བསྐྲུན་ཏེ་ལོ་བཅུ་འཁོར་བའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལོ་བཅུ་ཡི་རིང་ཞིང་པའི་དཔེ་དེབ་ཁང་གིས་གྲོང་གསེབ་ཁུལ་དུ་དཔེ་དེབ་སྤྲོད་ཚད་དུང་ཕྱུར་11ལྷག་ཙམ་ཟིན་ནས་ཞིང་པ་མི་རེར་ཆ་སྙོམས་དཔེ་དེབ་ལྡན་ཚད་ལྡབ་10ལྷག་ཙམ་འཕར་ཡོད།
         རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲོའུ་ཧུའེ་ལིན་གྱིས་འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཞིང་པའི་དཔེ་དེབ་ཁང་ཁྲི་58.7ཟིན་པ་དང་། ལོ་བཅུ་ཡི་རིང་རྒྱ་ཆེའི་གྲོང་གསེབ་ཏུ་དཔེ་དེབ་སྤྲོད་ཚད་དུང་ཕྱུར་11ལྷག་ཙམ་ཟིན་ཡོད། ཞིང་པ་མི་རེར་ཆ་སྙོམས་དཔེ་དེབ་ལྡན་ཚད་འདུ་འགོད་ལག་ལེན་མ་བསྟར་གོང་གི་དེབ་0.13ནས་ད་ཆའི་དེབ་1.63བར་འཕར་ཏེ་འཕར་ཚད་ལྡབ་10ལྷག་ཙམ་ཟིན་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།