འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ལ་ཕན་པ་ཐོབ་ན་ངལ་དུབ་ཆེ་ཡང་གནོང་འགྱོད་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་བྱེད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་མང་ཚོགས་260ཙམ་དེ་གར་འཛོམས་ནས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཚེ་རིང་པ་སྒྲོན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་ཉན་བཞིན་འདུག དེ་ཡང་ཚེ་རིང་པ་སྒྲོན་གྱིས་ལས་བྲེལ་ཆེ་ཡང་ཁོམ་པ་བཙལ་ཏེ་སྒྲོག་འགྲེལ་བྱེད་ཐེངས་གསུམ་པ་དེ་རེད།
         “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་ནང་། ལོ་ལྔའི་ནང་མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པའི་སྐོར་དང་། འབྱུང་འགྱུར་ང་ཚོའི་སྨན་བཅོས་ཞབས་ཞུའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་ཡིན་ལུགས། སྤྱི་ཁྱབ་ཧྲུའུ་ཅིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་བསྐུར་བའི་འཕྲིན་ལན་ནང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་མིའི་འཚོ་བ་དེ་བས་ཇེ་ལེགས་ཇེ་ཡག་ཏུ་འགྲོ་རྒྱུ་ཡིན་པ་བཅས”ཀྱི་སྐོར་ཚེ་རིང་པ་སྒྲོན་གྱི་འཁྲིས་སུ་ཡོད་པའི་སྐད་སྒྱུར་བས་བོད་སྐད་ཐོག་ནས་དེ་གར་ཡོད་པའི་གྲོང་མི་ཚོར་ཤོད་སྐབས་ཁོང་ཚོས་མགོ་བོ་ལྕོག་ལྕོག་བྱེད་བཞིན། སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཡང་ཞུས་པ་རེད།
         འཁོར་ཆགས་གྲོང་ཚོའི་ཧྲུའུ་ཅི་དང་པོ་པད་མ་ལྷ་མོས“ང་ཚོའི་འཁོར་ཆགས་གྲོང་ཚོ་དེ་ཡང་ཡུལ་སྨད་ཤང་དང་འདྲ་བར་མཐའ་མཚམས་ཀྱི་གྲོང་ཚོ་ཞིག་རེད། འཐུས་མི་ཚེ་རིང་པ་སྒྲོན་གྱིས་སྒྲོག་འགྲེལ་བྱས་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིས་སྤྲིངས་པའི་འཕྲིན་ལན་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས་ཀྱང་ངེས་པར་དུ་ཕ་ཡུལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན། མང་ཚོགས་མང་པོ་ཞིག་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་བྱས་རྗེས་ཉན་རྗེས་གང་འདྲ་བྱས་ཏེ་མཐའ་སྲུང་མཐའ་བརྟན་དང་གང་འདྲ་བྱས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོབ་བྱེད་དགོས་མིན་ཤེས་རྟོགས་ཐུབ་ཡོད། གྲོང་ཚོའི་ལས་བྱེད་པ་ཚོས་ངེས་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་ནས་འབྱོར་འབྲིང་གི་ཕྱོགས་སུ་མཉམ་དུ་བསྐྱོད་རྒྱུ་ཡིན”ཞེས་བཤད་བྱུང་།
         སྒྲོག་འགྲེལ་ཚར་རྗེས། ཚེ་རིང་པ་སྒྲོན་དང་ཞིང་འབྲོག་མང་ཚོགས་མཉམ་དུ་བསྡད་ནས་གླེང་མོ་བྱས་ཤིང་། “ད་ཆ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་ཡག་པོ་ཡོད་ལ་འཚོ་བ་ཡང་ཡག་ཏུ་ཕྱིན་ཡོད་པས་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་བདེ་ཐང་དེ་ཨང་དང་པོར་འཇོག་དགོས”ཞེས་བཤད་ནས་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཞིག་གི་ངོས་ནས་སྒྲོག་འགྲེལ་བྱེད་ཞོར་དུ་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཤེས་ཐུབ་པ་དང་བདེ་ཐང་གི་འདུ་ཤེས་འཛུགས་ཐུབ་པའི་རེ་བ་བཅངས།
         སྨན་ཁང་དུ་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་དཀོན་པར་བརྟེན་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཚེ་རིང་པ་སྒྲོན་འཕྲལ་མར་ལས་ཀར་བསྐྱོད་དགོས་བྱུང་། “ཉིན་ལྟར་ཕྲུ་གུ་བཙའ་མཁན་མང་བ་དང་ཁོའོ་ཧྲིར་ཡང་སྨན་པ་ཉུང་བར་བརྟེན་ང་སྡོད་བློས་བཟོད་མ་བྱུང་། ད་ཐེངས་སྒྲོག་འགྲེལ་མ་བྱས་གོང་གི་ཉིན་དེར་ཚེ་རིང་པ་སྒྲོན་མངའ་རིས་ས་ཁུལ་ནས་རླངས་འཁོར་ལ་ཆུ་ཚོད་4ཙམ་བསྡད་དེ་རྩ་མདའ་རྫོང་གི་ཕྲུ་གུ་མཚེ་མ་འཁོར་བའི་སྦྲུམ་མ་ཞིག་ལ་བརྟག་དཔྱད་བྱེད་པར་བསྐྱོད། ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་བཞི་པར་གཞི་ནས་ས་ཁུལ་དུ་ཕྱིར་ལོག་བྱས་པ་དང་། ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་སླར་ཡང་རླངས་འཁོར་ལ་ཆུ་ཚོད་3བསྐྱོད་དེ་དེ་གར་སྒྲོག་འགྲེལ་བྱེད་པར་སླེབས་ཡོད།
         “མ་གཞི་བྱས་ན་ཉིན་གཉིས་པར་སྒྲོག་འགྲེལ་དཔྱད་ཡིག་གྲ་སྒྲིག་བྱེད་སྙམ་ནས་སྨན་པ་གཞན་ཞིག་སྦྲུམ་མ་དེར་བལྟ་བར་གཏོང་རྩིས་བྱས་ཀྱང་། སྦྲུམ་མ་དེར་ཕྲུ་གུ་མཚེ་མ་འཁོར་བ་ཤེས་སྐབས་སྨན་པ་གཞན་གཏོང་བློས་བཟོད་མ་བྱུང་། རྫོང་གི་སྨན་པའི་ལག་རྩལ་དེ་ཙམ་བྱང་པོ་མེད་པས། གནས་ཚུལ་ཐོན་ཡོང་སྙམ་ནས་ལམ་སེང་སྦྲུམ་མ་དེར་བརྟག་དཔྱད་བྱེད་པར་བསྐྱོད། ནད་བལྟ་སྨན་བཅོས་བྱས་རྗེས་སྟབས་ལེགས་པ་ཞིག་ལ་མ་བུ་གཉིས་ཀ་བདེ་ཐང་རེད་འདུག དེ་སྔ་སྦྲུམ་མ་ཚོས་ཕྲུ་གུ་བཙའ་བ་དེ་དོན་དག་ཆུང་ངུ་ཞིག་ལ་བརྩིས་ནས་ཁྱིམ་དུ་སྐྱེ་རྐྱང་བྱེད་པ་དང་། སྐབས་དེ་དུས་སྨན་ཁང་གིས་ཉིན་གཅིག་ལ་སྦྲུམ་མ་30ལྷག་ཙམ་ལ་བརྟག་དཔྱད་བྱེད་དགོས་པ་དང་ད་ཆ་ཉིན་ལྟར་སྦྲུམ་མ་90ལྷག་ཙམ་སྨན་ཁང་དུ་ཕྲུ་གུ་བཙའ་བར་ཡོང་བ་དེ་ཐོག་ནས་སྦྲུམ་མ་ཚོའི་ལྟ་བར་འགྱུར་ལྡོག་ཕྱིན་པ་མཐོང་གི་འདུག”ཅེས་ཚེ་རིང་པ་སྒྲོན་གྱིས་བཤད་བྱུང་།
         ཚེ་རིང་པ་སྒྲོན་གྱིས་གསར་འགོད་པར་བུད་མེད་ཚན་ཁག་གི་ལས་ཀ་ནི་ངའི་རང་འཁྲིའི་ལས་ཀ་ཡིན་པ་དང་། མངའ་རིས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིས་སྤྲིངས་པའི་འཕྲིན་ལན་སྒྲོག་འགྲེལ་བྱ་རྒྱུ་དེ་ཡང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ངའི་ངོས་ནས་བརྗོད་ན་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། མངའ་རིས་ས་ཁུལ་དེ་ཉིད་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་བཀོད་སྒྲིག་གཞིར་བཟུང་། ཚེ་རིང་པ་སྒྲོན་གྱིས་སྤུ་ཧྲེང་རྫོང་གི་ཉེ་འགྲམ་དུ་གཅིག་སྡུད་སྒྲོག་འགྲེལ་བྱས་ཤིང་། མང་ཚོགས་ལ་ཕན་པ་ཐོབ་ན་ངལ་དུབ་ཆེ་ཡང་གནོང་འགྱོད་མི་འདུག་ཅེས་བཤད་བྱུང་།
         ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དང་། མང་ཚོགས། མི་སེམས་བཅས་སུ་ཟུག་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་གྲོང་སྡོད་ལས་བྱེད་པ་དང། དགོན་སྡོད་ལས་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་སོགས་ཁྲི་30ལྷག་ཙམ་གྱི་འཐབ་ཕྱོགས་དང་པོའི་སྒྲོག་འགྲེལ་དཔུང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་དང་། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པ་བཅས་སྒྲོག་འགྲེལ་པ་ཁག་བཞིའི་སྟོབས་ཤུགས་ཡག་པོ་སྤྱོད་པ། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་སྒྲོག་འགྲེལ་མ་ལག་འཛུགས་པ་བཅས་བྱས་ཏེ་གཅིག་སྡུད་སྒྲོག་འགྲེལ་དང་། ཞིབ་ཚགས་སྒྲོག་འགྲེལ། གཙོ་གནད་སྒྲོག་འགྲེལ། རྒྱ་ཁྱབ་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད“ངོ་འཕྲད་སྒྲོག་འགྲེལ་དང་གནས་དང་གནས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཚང་མར་དོན་འཁྱོལ”བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་། ཞིང་འབྲོག་ཁུལ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། ཉེན་རྟོག་པའི་སྒར་ས། དགོན་སྡེ། དྲ་ཚུགས་བཅས་སུ་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།