འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཕིང་ཕང་སྤོ་ལོའི་སྐོར་སྐྱོད་འགྲན་བསྡུར་གྱི་མཐའ་བསྡུར་ལ་ཀྲུང་གོའི་རུ་ཁག་གིས་
    གསེར་གྱི་རྟགས་མ་3བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་སྐོར་སྐྱོད་འགྲན་བསྡུར་གྱི་མཐའ་བསྡུར་ཚེས་17ཉིན་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་མཇུག་འགྲིལ་བ་དང་ཀྲུང་གོའི་ལུས་རྩལ་པ་ཧྥན་ཀྲེན་ཏུང་གིས་སྐྱེས་པའི་རྐྱང་རྒྱག་གི་ཨང་དང་པོ་བླངས་པ་དང་ཁྲེན་མོང་གིས་བུད་མེད་ཀྱི་རྐྱང་རྒྱག་གི་ཨང་དང་པོ་བླངས་པ་རེད། ཁྲེན་མོང་གིས་ད་དུང་ཀྲུང་གོའི་ཆ་སྒྲིག་རུ་ཁག་ཀྲུའུ་ཡུས་ལིང་དང་མཉམ་དུ་བུད་མེད་ཀྱི་ཆ་རྒྱག་གི་ཨང་དང་པོ་བླངས་པ་རེད། དེས་ན་ཀྲུང་གོའི་རུ་ཁག་ལ་ད་ཐེངས་ཀྱི་མཐའ་བསྡུར་ལ་གསེར་གྱི་རྟགས་མ་བཞི་ལས་གསུམ་བླངས་ནས་རྒྱལ་ཁ་ཐོབ་མཁན་གཙོ་བོར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།