འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཁའ་དམག་དཔུང་རུས་ཏུའེ་མཱ་མཚོ་འགག་ཏུ་འཕུར་སྐྱོད་བྱས་ཏེ་རི་པིན་རྒྱ་
    མཚོར་རྒྱང་རིང་མཚོ་ཐོག་སྦྱོང་བརྡར་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་ཀྲུང་གོའི་མཁའ་དམག་གི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཅིང་ཁོའོ་ཡིས་ཀྲུང་གོའི་མཁའ་དམག་གིས་ཉིན་དེར་འབར་གཏོར་གནམ་གྲུ་དང་། རྒོལ་གཏོར་གནམ་གྲུ མྱུལ་ཞིབ་གནམ་གྲུ་སོགས་རིགས་མི་འདྲ་བའི་དམག་འཐབ་གནམ་གྲུ་བཏང་སྟེ་ཏུའེ་མཱ་མཚོ་འགག་ཏུ་འཕུར་སྐྱོད་བྱས་ཏེ་རི་པིན་རྒྱ་མཚོ་ཡི་རྒྱལ་སྤྱིའི་མཁའ་ཁོངས་སུ་སྦྱོང་བརྡར་བྱེད་པར་བསྐྱོད་ནས་རྒྱང་རིང་མཚོ་ཐོག་གི་དངོས་འཐབ་ནུས་པ་ཞིབ་དཔྱད་བྱས་ཡོད་ཅེས་གསུངས།
         ཏུའེ་མཱ་མཚོ་འགག་ནི་མངའ་ཁོངས་རྒྱ་མཚོ་མིན་པའི་མཚོ་འགག་གི་ཁོངས་སུ་གཏོགས་པ་དང་《མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ལྟར་ན། རྒྱལ་ཁབ་ཚང་མར་འགྲོ་སྐྱོད་དང་འཕུར་སྐྱོད་བྱེད་པའི་རང་དབང་ཡོད། ཀྲུང་གོའི་མཁའ་དམག་གིས་ཏུའེ་མཱ་མཚོ་འགག་ཏུ་འཕུར་སྐྱོད་བྱས་ཏེ་རི་པིན་རྒྱ་མཚོའི་རྒྱལ་སྤྱིའི་མཁའ་ཁོངས་སུ་རྒྱང་རིང་མཚོ་ཐོག་སྦྱོང་བརྡར་བྱེད་པར་བསྐྱོད་པ་ནི་ཁྲིམས་དང་མཐུན་པ་དང་། ལུགས་དང་མཐུན་པ། ཚུལ་དང་མཐུན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།