འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཀྲུང་གོར་འཚམས་འདྲི་གནང་བའི་གྲུབ་འབྲས་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཀྲུང་གོར་འཚམས་འདྲི་གནང་རིང་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧན་གྱི་འབྲེལ་བ་དང་འཕེལ་རྒྱས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཞིག་གྲུབ་ཡོད་ཅེས་བཤད།
         ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཟླ་12ཚེས་13ནས་16ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཧྭ་ཁྲུན་ཡིང་གིས་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཉམ་དུ་ཀྲུང་ཧན་གྱི་འབྲེལ་བ་དང་འཕེལ་རྒྱས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཞིག་གྲུབ་སྟེ་ཀྲུང་ཧན་གྱི་འབྲེལ་བ་འཕེལ་རྒྱས་ལ་འཆར་འགོད་བཏིངས་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་གསུངས།
         “ང་ཚོས་ཧན་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་རྒྱལ་ཁབ་གཉིས་དབར་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྡུག་ལ་བསམ་བློ་བཏང་ནས་ཕྱོགས་གཉིས་ཀྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་གྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཟོལ་མེད་མཉམ་གཤིབ་ཀྱི་ཁྱིམ་མཚེས་འབྲེལ་བ་མཐའ་འཁྱོངས་བྱེད་པ། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ། འབྲེལ་ཡོད་ཀྱི་ཚོར་སྣང་སྐྱེན་པའི་གནད་དོན་མུ་མཐུད་ཐག་གཅོད་འོས་འཚམ་བཅས་བྱས་ཏེ་ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་སྐྱོན་བྲལ་ངང་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།