འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་དམངས་སེམས་
    གཅིག་མཐུན་ལ་སྐུལ་མ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཧ་སག་སི་ཐན་གྱི“འོད་ཟེར་ལམ་བུའི”དམངས་གཙོའི་ཏང་གི་ཀྲུའུ་ཞི་ཨ་ཀྲ་ཐེ·ཕེ་ལུའུ་ཨ་ཧྲེ་ཧྥུའུ་ཡིས་ཉེ་ཆར་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ས་ཁོངས་འཕེལ་རྒྱས་ཀྱི་གྲོས་འགོ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། དེས་ཧ་སག་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་གསུངས།
         ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཧྥུའུ་ཡིས་བཏོན་པའི“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པ་དང་འབྲེལ་མཐུད་ནུས་ལྡན་བྱུང་ནས། ཧ་སག་སི་ཐན་གྱི་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་དུ་སྒྱུར་བཀོད་དང་། ལས་རིགས་གསར་པ་གསར་གཏོད་དང་དེ་བཞིན་དཔལ་འབྱོར་གྱི་ཁྱོན་ཡོངས་འཕེལ་རྒྱས་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་གསུངས།
         ཕེ་ལུའུ་ཨ་ཧྲེ་ཧྥུའུ་ཡིས་མིག་སྔར་ཀྲུང་གོའི་མ་རྩ་འཇོག་མཁན་སྔར་ལས་མང་བ་ཧ་སག་སི་ཐན་དུ་ཡོང་བ་དང་ད་དུང་ལ་ལས་ཐུག་པ་ཁོག་སྟོང་ཐོན་སྐྱེད་སོགས་དེ་སྔ་ལག་ལེན་བསྟར་མྱོང་མེད་པའི་སྲོལ་རྒྱུན་མ་ཡིན་པའི་ཁྱབ་ཁོངས་ལ་མ་རྩ་བཞག་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དོན་འཁྱོལ་བྱུང་བ་དེས་ཧ་སག་སི་ཐན་གྱི་ཁེ་ལས་མང་པོ་ཞིག་ལ་ཕན་པ་ཐོབ་པ་དང་། ཁོང་ཚོར་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་སྔར་ལས་མང་བ་ཐོབ་པའི་གོ་སྐབས་རག་ཡོད་ཅེས་གསུངས།
         ཁོང་གི་ངོས་ནས་བརྗོད་ན། ལོ་དེ་དག་རིང་ཧ་ཀྲུང་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་གྱི་འབྲེལ་བ་སྔར་ལས་ཟབ་ཏུ་སོང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་དམངས་སེམས་ཀྱང་རིམ་བཞིན་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད། ཧ་སག་སི་ཐན་གྱི་གཞས་པ་ཏི་མཱ་ཤིས་ཀྲུང་གོར་སྐད་གྲགས་ཆོད་པ་དང་ཧ་སག་སི་ཐན་གྱི་ན་གཞོན་སྔར་ལས་མང་བ་ཀྲུང་གོར་སློབ་སྦྱོང་དུ་སྐྱོད་པ་སོགས་ལས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དོན་འཁྱོལ་བྱུང་བ་དང་སྦྲགས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་སྤེལ་རེས་མཉམ་ལས་ལ་དཔལ་འབྱོར་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཆེན་པོ་ཐོན་པ་མངོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།