འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
    བླག་ངང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
བླག་ངང་མཇུག་བསྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ12ཚེས5ཉིན། ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་གྱི་སྐྱིད་ནང་སྲིད་འཛིན་སྡེ་བའི་རིག་གནས་ཐང་ཆེན་དུ། ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བདེ་བླག་ངང་མཇུག་རྫོགས་ཤིང་།  གྲོང་རྡལ་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་ཁག་གི་འགོ་ཁྲིད་ཚང་མས་འགྲན་བསྡུར་གྱི་གོ་རིམ་ཧྲིལ་པོའི་བྱ་བ་ཚང་མ་ལེགས་པར་བསྒྲུབས་པ་རེད།
         ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པའི་སྐབས་དང་བསྟུན་ཏེ། ཨ་མཆོག་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་མཐའ་འཁྱོལ་བ་དང་། དྲིལ་སྒྲོག་ལས་དོན་གྱི་ལས་རིམ་གསལ་ཞིབ། ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས། མི་དམངས་ཀྱི་གཟུགས་གཞིའི་ཐང་ཚད་མཐོར་གཏོང་བཅས་གཞི་གཅིག་ཏུ་བཟུང་སྟེ་ཨ་མཆོག་ས་ཁུལ་ཡོངས་འཆམ་མཐུན་བརྟན་བརླིང་དང་བདེ་ཐང་གོང་འཕེལ་ཡོང་བར་དམིགས་ཏེ། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་རྡལ་འཛུགས་སྐྲུན་ལས་དོན་གྱི་སྣེ་ཁྲིད་ནས་ཧུར་བརྩོན་ཆེན་པོས་ཕྱི་ཕྱོགས་ལ་ཡིད་དབང་འཕྲོག་པའི་ཨ་མཆོག་དང་།  མཐུན་སྒྲིལ་གྱི་ཨ་མཆོག  བཀྲ་ཤིས་པའི་ཨ་མཆོག་བཅས་ཞེས་པ་དྲིལ་སྒྲོག་ལས་དོན་ལག་བསྟར་བྱས་པར། རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོང་རྡལ་གྱི་འགན་ཁུར་འགོ་ཁྲིད། རོགས་སྐྱོར་ལས་ཁུངས་བཅས་ཀྱིས་རྒྱབ་སྐྱོར་དང་དགའ་བསུ་ཚད་མེད་ཐོབ་པ་བརྒྱུད།  རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན། རྫོང་རིག་གནས་རླུང་འཕྲིན་ཅུས་བཅས་ཀྱིས་ཀྱང་ཨ་མཆོག་གྲོང་རྡལ་གྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་གོ་སྒྲིག་ལ་ཆོག་མཆན་བཀོད་པས།“ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར”སྤེལ་ཐུབ་པ་བྱུང་བ་རེད།
    【1】  【2】  【3】
    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
བླག་ངང་མཇུག་བསྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།