འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་དྲུག་རིང་གྲོང་སྡོད་ལས་བྱེད་པ་ཁྲི་13ལྷག་ཙམ་གཞི་རིམ་དུ་ཞབས་
    འདེགས་ཞུ་བར་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པའི་རྡོག་ཐོན་མཛད་སྒོ་ཉིན་ཤས་གོང་ལྷ་སར་འཚོགས་ཏེ། ལས་བྱེད་པ་ཁྲི་2.2ཙམ་སྲིད་འཛིན་གྲོང་ཚོ་དང་གྲོང་ཚོ་ཨུ་ལྷན་5475ལ་གྲོང་སྡོད་ལས་དོན་མུ་མཐུད་སྤེལ་བར་བཏང་བ་རེད། ལོ་དྲུག་རིང་བོད་ལྗོངས་ཀྱིས་ཁྱོན་ལས་བྱེད་པ་ཁྲི་13ཙམ་གྲོང་ཚོར་བཅའ་སྡོད་བྱེད་པར་བཏང་སྟེ་རྒྱ་ཆེའི་གཞི་རིམ་གྱི་ཞིང་འབྲོག་པར་ཞབས་འདེགས་ཞུས་པ་དང་འབྲེལ་གྲོང་ཚོ་གྲོང་ལྷན་ཡོངས་ལ་ཞབས་ཞུ་ཁྱབ་པར་བྱས་ཡོད།
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྡོག་ཐོན་མཛད་སྒོར་གྲོང་སྡོད་ལས་དོན་གྱི་བཀྲག་མདངས་འཚེར་ས་ནི“ཐོན་ལས་འཕེལ་རྒྱས་ལ་ཐབས་ཤེས་ཏན་ཏིག་བཏང་ནས་ཞིང་འབྲོག་པ་ཉེ་འགྲམ་དུ་ཐོན་ལས་འཕེལ་རྒྱས་ལ་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ”དེ་ཡིན་པས་མི་རྒྱུ་དངུལ་གསུམ་གཞི་རིམ་དུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་ཞེས་གསུངས།
         ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་གྲོང་སྡོད་ལས་དོན་སྤེལ་བ་དང་“ཧྲུའུ་ཅི་དང་པོ”མངགས་པ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་2011ལོར་བོད་ཀྱིས་གཞི་རིམ་དུ་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་པོ་མངགས་པ་ནས་བཟུང་བོད་ལྗོངས་ཀྱིས་ལོ་ལྟར་གྲོང་སྡོད་ལས་བྱེད་པ་ཁྲི་2ལྷག་ཙམ་བོད་ཀྱི་གྲོང་ཚོ་གྲོང་ལྷན་དུ་བཅའ་སྡོད་བྱེད་པར་མངགས་ནས་ལས་དོན་སྤེལ་འགོ་ཚུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།