འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་མོ་རི་ཐིའུ་སིས་རང་མོས་ཚོང་དོན་ཆོད་ཡིག་ལ་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཚེས་12ཉིན། ཀྲུང་གོ་དང་མོ་རི་ཐིའུ་སིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་11པ་འཚོག་རིང་རང་མོས་ཚོང་དོན་ཆོད་ཡིག་ལ་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་པ་རེད།
          དེ་ཉིན་ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཝང་ཧྲོའུ་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་རུ་རྒྱུན་སྡོད་མོ་རི་ཐིའུ་སིའི་བཀའ་སྒུག་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བ་ཏ་ལ་ཏུའོ་གཉིས་ཀྱིས་《ཀྲུང་གོ་དང་མོ་རི་ཐིའུ་སིའི་རང་མོས་ཚོང་དོན་ཆོད་ཡིག་ལ་གྲོས་མོལ་བྱེད་འགོ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་དང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་དང་། ས་གནས་གཞི་གཅིག་ཅན་དང་རྒྱལ་སྤྱིའི་ཚོང་དོན་པུའུ་ཡི་བསམ་ཤེས་དྲན་ཐོར་》མིང་རྟགས་བཀོད་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་མོ་རི་ཐིའུ་སིའི་རང་མོས་ཚོང་དོན་ཆོད་ཡིག་ལ་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུང་གོ་དང་མོ་རི་ཐིའུ་སིའི་རང་མོས་ཚོང་དོན་ཁུལ་དངོས་སུ་བསྐྲུན་རྗེས་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་བྱེད་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་པ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་ཕྱོགས་སྒྱུར་རིམ་སྤོར་ལའང་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཨ་ཧྥེ་རི་ཁར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།