འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་ཁ་ཤར་ཚུན་མཚོ་སྔོན་དུ་ཆར་ཆུ་བབས་ཚད་50%ཙམ་ཉུང་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11པ་ཤར་ཚུན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲིའི་ཏུའུ་1.2ཀྱིས་མཐོ་བ་དང་ཆར་ཆུ་བབས་ཚད་50%ཉུང་དུ་ཕྱིན་ནས་2010ལོ་ཚུན་དུས་མཚུངས་ཀྱི་ཉུང་ཤོས་ཡིན་པ་རེད།
          བསྡོམས་རྩིས་ལས་མངོན་པར། མཚོ་སྔོན་གྱི་ས་ཆ་ཁག་ཏུ་རྒྱུན་མཐུད་ཆར་ཆུ་མི་བབས་པའི་ཉིན་གྲངས་ཅུང་མང་བ་དང་མཚོ་སྔོན་ཞིང་ཆེན་བྱང་རྒྱུད་ས་ཁུལ་དུ་རྒྱུན་མཐུད་ཆར་པ་མི་བབས་པའི་ཉིན་གྲངས་30ཡན་ཟིན་པ་དང་དེའི་ཁྲོད་ཀྱི་ནུའོ་མུའུ་ཧུང་ས་ཚིགས་སུ་རྒྱུན་མཐུད་ཆར་པ་མི་བབས་པའི་ཉིན་གྲངས་94ལྷག་ཙམ་ཟིན་པ་དང་ཤར་རྒྱུད་ཞིང་ལས་ཁུལ་དུ་ཆ་སྙོམས་རྒྱུན་མཐུད་ཆར་ཆུ་མི་བབས་པའི་ཉིན་གྲངས་48ཟིན་ཡོད།
         གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་ཆར་ཆུ་རྒྱུན་མཐུད་བབས་ཉུང་བའི་ཤུགས་རྐྱེན་ཕོག་ནས་ས་གནས་ཁག་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་རིམ་པ་ཅུང་མཐོ་པོ་ཡོད་སྟབས་མེ་སྐྱོན་ཐོན་སླ་པོ་ཡོད། གནམ་གཤིས་སྐམ་ཤས་ཆེ་བའི་ཁར་སྔ་དགོང་གི་དྲོད་ཚད་ཁྱད་པར་ཆེ་བས་དབུགས་ལམ་གཉན་ཁ་རྒྱས་པའི་ནད་གཞི་ཐོན་སླ་པོ་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་ལྟར་ན། འབྱུང་འགྱུར་གཟའ་འཁོར་གཅིག་ནང་མཚོ་སྔོན་གྱི་ས་ཆ་མང་ཆེ་བར་ཆར་ཆུ་ཉུང་བའི་གནམ་གཤིས་བསྟན་རྒྱུ་ཡིན་པས་དམངས་ཚོགས་ཀྱིས་ཆུ་མང་ཙམ་འཐུང་རྒྱུ་དང་ཕྱིར་སྐྱོད་སྐབས་དྲོད་སྲུང་བྱས་ཏེ་ནད་གཞི་མི་ཕོག་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།