འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མ་འཇོག་སྟབས་བདེ་ཅན་གྱི་ཀྲུང་གོའི་ཇུས་གཞིར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་
    མིའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྐབས་བཅུ་གཅིག་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་རིང་སྟེ། ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གོས་གཙོ་གཉེར་བྱས་པའི་མ་འཇོག་སྟབས་བདེ་ཅན་གྱི་པུའུ་ཀྲང་གི་ཞོགས་པའི་གསོལ་ཚིགས་ཚོགས་འདུ་པུ་དབྱི་ནོ་སི་ཨེ་རི་སིར་འཚོགས་པ་རེད། ཀྲུང་གོ་སྲིད་གཞུང་གི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་གྱིས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིར་གོ་ལ་ཧྲིལ་པོའི་མ་འཇོག་སྟབས་བདེ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཀྲུང་གོའི་ཇུས་གཞིར་འཛམ་གླིང་ཚོང་དོན་རྩ་འཛུགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
         ཀྲུང་ཧྲན་གྱིས་གསུང་བཤད་གནང་སྐབས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་སྒོ་མོ་ཕྱེ་བའི་ཆགས་སྟངས་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དར་སྤེལ་གཏོང་བ་དང་ཀྲུང་གོའི་ཁེ་ལས་ལ་ཕྱི་ཕྱོགས་ལ་མ་འཇོག་བྱ་རྒྱུའི་སྐུལ་མ་གཏོང་གི་ཡོད་ལ་ཀྲུང་གོའི་སྒོ་མོ་འབྱེད་རྒྱའང་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གོ་ལ་ཧྲིལ་པོའི་མ་འཇོག་སྔར་བས་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
         ཀྲུང་ཧྲན་གྱིས་2018ལོའི་ཟླ་བ་བཅུ་གཅིག་པར་ཀྲུང་གོས་ཧྲང་ཧའེ་རུ་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་འཚོག་རྒྱུ་དང་དུས་མཚུངས་སུ་ཧུང་ཆའོ་རྒྱལ་སྤྱིའི་ཚོང་དོན་གླེང་སྟེགས་བྱེད་སྒོའང་སྤེལ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དེའི་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གང་དྲན་ལྷུག་བཤད་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཚོགས་ཞུགས་པུའུ་ཀྲང་གིས་《མ་འཇོག་སྟབས་བདེ་ཅན་སྐོར་གྱི་མཉམ་འབྲེལ་པུའུ་ཀྲང་གི་གསལ་བསྒྲགས་》ལ་གྲོས་འཆམ་གནང་བ་རེད། གསལ་བསྒྲགས་ནང་མ་འཇོག་དེ་ཚོང་དོན་དང་འཕེལ་རྒྱས་དབར་འབྲེལ་བ་དམ་ཟབ་ཡོད་པས་གོ་ལ་ཧྲིལ་པོའི་ངོས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གྲོས་བསྡུར་གཏིང་ཟབ་བྱས་ཏེ་མ་འཇོག་སྟབས་བདེ་ཅན་གྱི་ཕྱོགས་མང་སྒྲོམ་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། འབྲེལ་ཡོད་སྲིད་གཞུང་དབར་གྱི་རྩ་འཛུགས་དང་མཉམ་ལས་བྱ་རྒྱུའི་འདོད་ཚུལ་འཛིན་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་མི་དང་འཕེལ་རྒྱས་འགྲོ་འགོར་ཤོས་རྒྱལ་ཁབ་ཀྱི་ཁོངས་མིའི་དགོས་མཁོ་ཚོད་སྐོར་བྱེད་དགོས་པ་དང་འབྲེལ་དེ་མཚུངས་ཀྱི་ལག་རྩལ་རོགས་སྐྱོར་བྱེད་དགོས་ལ་ནུས་པ་ཆེར་གཏོང་ལའང་རྒྱབ་སྐྱོར་བྱེད་དགོས་པ། ཁོངས་མིའི་ལྟ་སྡོམ་བྱེད་དབང་ཁས་ལེན་བྱས་ནས་དེའི་སྲིད་ཇུས་ཀྱི་དམིགས་ཚད་དང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་དགོས་པ། སྐབས་བཅུ་གཅིག་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་མ་འཇོག་སྟབས་བདེ་ཅན་གྱི་གྲོས་གཞིར་པུའུ་ཀྲང་རིམ་པའི་ཆེད་དོན་གྲོས་མོལ་བྱ་རྒྱུའི་འབོད་སྐུལ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་ཡོངས་ཞུགས་རྒྱུའི་འབོད་སྐུལ་བྱས་ནས་《མ་འཇོག་སྟབས་བདེ་ཅན་སྐོར་གྱི་པུའུ་ཀྲང་གི་གཏན་འབེབས་》ལ་གྲོས་འཆམ་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།