འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་ནང་དོན་གྱི་གློག་བརྙན་《སྙིང་སྡུག་ལགས་》ཞེས་པས"སྐལ་བཟང་མེ་ཏོག་གི་
    བརྩེ་དུང"སྐོར་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་བོད་སྐྱོར་ནང་དོན་གྱི་གློག་བརྙན་《སྙིང་སྡུག་ལགས་》ལྷ་སར་ཐོག་མར་བསྟན་པ་རེད། གློག་བརྙན་དེར་བོད་སྐྱོར་སྨན་པ་ལིང་ཞུའེ་ཧྥུང་ལོ་བཅུའི་རྗེས་བོད་དུ་བསྐྱོད་དེ་དེ་སྔའི་དགའ་རོགས་སྐལ་བཟང་མེ་ཏོག་དང་སླར་ཡང་མཉམ་འཛོམས་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། མཉམ་འཛོམས་སླར་ཡང་བྱེད་སྐབས་ཁོང་གཉིས་པོས་རིག་གནས་ཀྱི་འགལ་ཟླ་དང་འགལ་རྐྱེན་སྣ་ཚོགས་བསལ་ནས་རྒྱ་བོད་གཞོན་ནུའི་དབར་གཅིག་སེམས་གཅིག་གཏད་ཀྱི“སྐལ་བཟང་མེ་ཏོག་གི་བརྩེ་དུང”ཞིག་བཏོད་ཡོད།
        《སྙིང་སྡུག་ལགས་》ཞེས་པའི་གློག་བརྙན་དེ་ན་གཞོན་འཁྲབ་ཁྲིད་པ་རེན་ཧྲན་ཧྲན་གྱིས་འཁྲབ་ཁྲིད་བྱས་པ་ཞིག་ཡིན་པ་དང་ནང་སའི་འཁྲབ་སྟོན་པ་གསར་པ་ཝང་ཤིན་ཡའོ་ཡིས་བོད་རིགས་འཁྲབ་སྟོན་པ་དབང་སྒྲོན་མཚོ་དང་མཉམ་དུ་འཁྲབ་སྟོན་བྱས་པ་ཞིག་རེད། རེན་ཧྲན་ཧྲན་གྱིས་འཁྲབ་སྟོན་ཚོགས་ཆུང་དེ་2016ལོའི་ཟླ་11པར་བོད་དུ་སླེབས་ཤིང་། ལྷ་ས་ནས་གཞིས་རྩེའི་རྒྱལ་རྩེ་བར་དང་རྒྱལ་རྩེའི་གནའ་གྲོང་ནས་གྲོ་མོའི་མདོ་ཆེན་མཚོ་བར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་མཛེས་ལྗོངས་གློག་བརྙན་དུ་པར་བླངས་ཡོད། ངོ་མཚར་ལྡན་པའི་གློག་བརྙན་གྱི་ནང་དོན་ལས་ལྟད་མོ་བར“བོད་ཀྱི་བག་ཆགས”གཞན་དག་ཅིག་ཡོང་ངེས་རེད་ཅེས་བཤད།
        《སྙིང་སྡུག་ལགས་》ཞེས་པའི་གློག་བརྙན་དེ་ཧང་ཀྲོའུ་ཀྲུང་ཝུན་གློག་བརྙན་བརྙན་འཕྲིན་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཀྲུང་ཝུན་གློག་བརྙན་བརྙན་འཕྲིན་རིག་གནས་ཚད་ཡོད་ཀུང་སི། ཁྲང་ཁྲུན་གློག་བརྙན་བརྙན་འཕྲིན་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་མཉམ་དུ་པར་བླངས་པ་ཞིག་རེད། གློག་བརྙན་དེ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་300ལྷག་ཙམ་ལ་བསྟན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།