འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རྫ་ཆུའི་ཆུ་འགོའི་ས་ཁུལ་ནི་གཟིག་ཁྲ་ཐིག་ཅན་འཚོ་གནས་
    བྱ་ཡུལ་གཙོ་བོར་གྱུར་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རྫ་ཆུའི་ཆུ་འགོའི་ས་ཁུལ་ནི་གཟིག་ཁྲ་ཐིག་ཅན་འཚོ་གནས་
བྱ་ཡུལ་གཙོ་བོར་གྱུར་པ་མངོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ། མཇུག་སྒྲིལ་མ་ཐག་པའི་དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས་རྫོང་འདིས་དམར་ཕྱིའི་པར་ཆས་སྤྱད་ནས་རྩ་མེད་དུ་འགྲོ་ཉེན་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཟིག་ཁྲ་ཐིག་ཅན་གྱི་འདྲ་པར་གྱི་དཔྱད་གཞི་ཐེངས་21བླངས་པ་རེད། ཟླ་10ཚེས་17ཉིན་ནས་འགོ་བརྩམས་ཏེ་ནང་ཆེན་རྫོང་སྲིད་གཞུང་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གྱིས་རྫ་ཆུའི་ཆུ་འགོའི་ས་ཁུལ་ནང་ཆེན་རྫོང་དཔལ་གྲགས་ནགས་རར་མཉམ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། འབྲོག་པ་ལྟ་ཞིབ་ཚད་ལེན་པ་14ཡིས་སྤྱི་ལེ་གྲུ་བཞི་མ་100ལྷག་ཡོད་པའི་ས་ཁོངས་སུ་དམར་ཕྱིའི་པར་ཆས་26བཀོད་སྒྲིག་བྱས་ཤིང་། ཟླ་བ་གཅིག་དང་ཕྱེད་ཀའི་དུས་ཡུན་ནང་དུ་གཟིག་ཁྲ་ཐིག་ཅན་གྱི་འདྲ་པར་དང་བརྙན་ཐུང་ཐེངས་21བླངས་ཡོད་པ་རེད།
    ༄༅།།ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རྫ་ཆུའི་ཆུ་འགོའི་ས་ཁུལ་ནི་གཟིག་ཁྲ་ཐིག་ཅན་འཚོ་གནས་
བྱ་ཡུལ་གཙོ་བོར་གྱུར་པ་མངོན་པ།
      

    ཕྱོགས་བསྡུས་གསར་འགྱུར།