འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཏུང་ཏེ་ཝུན་དུ་འཚམས་འདྲི་ཐོག་མ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཞི་མཐུན་འགན་འཁྲི—2017”གྱི་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་སྨན་ཁང་གྲུ་གཟིངས་ཚེས་14ཉིན་ཏུང་ཏེ་ཝུན་གྱི་རྒྱལ་ས་ཏི་ལི་རུ་འབྱོར་ནས་ཏུང་ཏེ་ཝུན་དུ་དུས་ཡུན་ཉིན་8ཀྱི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་དང་སྦྲགས་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་དེ་ནི་ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཏུང་ཏེ་ཝུན་དུ་འཚམས་འདྲི་བྱེད་ཐེངས་ཐོག་མ་དེ་ཡིན་ལ་ཀྲུང་གོའི་མཚོ་དམག་གི་དམག་གྲུས་ཏུང་ཏེ་ཝུན་དུ་འཚམས་འདྲི་བྱེད་ཐེངས་གཉིས་པ་དེའང་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཞི་བདེའི་སྨན་ཁང་གྲུ་གཟིངས་ནི་ཀྲུང་གོས་ཆེད་མངགས་ཇུས་འགོད་བྱས་ནས་བཟོས་པའི་དེང་རབས་ཅན་གྱི་ཆེད་ལས་སྨན་བཅོས་གྲུ་གཟིངས་ཤིག་ཡིན་པ་དང་དེས་སྔ་རྗེས་སུ་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་མང་ཚོགས་མི་ཐེངས་ཁྲི་17ལས་བརྒལ་བར་ཞབས་འདེགས་ཞུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།