འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོང་ཀོ་(ཅིན)ཡི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སྲིད་གཞུང་གི་
    གཞུང་ལས་ཐོག་ཁང་གི་དར་ཚོན་བྲེག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཀྲུང་གོས་རོགས་རམ་བྱས་པའི་ཁོང་ཀོ་(ཅིན)སྲིད་གཞུང་གི་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་གི་རྣམ་གྲངས་རྩིས་སྤྲོད་མཛད་སྒོ་དེ་ཁེན་ཧྲ་སར་གཉེར་བ་དང་། ཁོང་ཀོ་(ཅིན)ཡི་ཙུང་ཐུང་ཁཱ་པི་ལ་མཛད་སྒོར་ཕེབས་པ་དང་འབྲེལ་རྣམ་གྲངས་ཀྱི་དར་ཚོན་ཡང་བྲེག་པ་རེད།
          རྣམ་གྲངས་དེ་སྐྲུན་འགན་འཁུར་མཁན་ཅང་སུའུ་ནན་ཐུང་འཛུགས་སྐྲུན་ཚོགས་པ་གསུམ་པའི་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཉི་ཡུས་མའེ་ཡིས་སྨི་ངོས་གྲུ་ཁྲི་2ལྷག་ཟིན་པའི་སྲིད་གཞུང་གི་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་དེ་གཞུང་དོན་དང་། ཚོགས་འདུ། སྣེ་ལེན་སོགས་བྱ་རྒྱུར་སྤྱོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         ཁོང་ཀོ་(ཅིན)ཡི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མཱ་ཐེང་པོ་ཡིས་མཛད་སྒོའི་ཐོག་ཀྲུང་གོས་ཁོང་ཀོ་(ཅིན)ལ་སྒེར་སེམས་མེད་པར་རོགས་རམ་གནང་བར་བསྔགས་བརྗོད་བྱས་པ་དང་། ཁོང་གིས་སྲིད་གཞུང་གི་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་ནི་ཁེན་ཧྲ་སས་མི་དམངས་ཕོ་བྲང་དང་། སྔོན་གཤེགས་དཔའ་བོའི་ལུས་རྩལ་ཁང་གི་རྗེས་སུ་ཁོང་ཀོ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གྲུབ་འབྲས་གཞན་ཞིག་རེད་ཅེས་བཤད།
         ཁོང་ཀོ་(ཅིན)ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཐུང་ཆིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པོའི་དབུ་ཚོགས་རྗེས་ཀྲུང་གོ་དང་ཁོང་ཀོ་གཉིས་ཀྱི་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།