འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཀོང་ཀྲོའུ་རྒྱལ་སྤྱིའི་གསར་གཏོད་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་གྱི་སྔ་དྲོ། “གསར་གཏོད་དང་འཚོ་བ་མཉམ་འདྲེས”ཞེས་བརྗོད་དོན་གཙོ་བོར་བྱེད་པའི་2017ལོའི་ཀོང་ཀྲོའུ་རྒྱལ་སྤྱིའི་གསར་གཏོད་དུས་ཆེན་ཀོང་ཀྲོའུ་རུ་འགོ་ཚུགས་པ་དང་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་གསར་གཏོད་ཚན་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་དེ་བཞིན་རྩེར་སོན་ཁྱབ་ཁོངས་ཀྱི་ཀྲུང་ཕྱིའི་ཚན་རྩལ་གསར་གཏོད་ཚོགས་པ་100ལྷག་ཙམ་ཀོང་ཀྲོའུ་རུ་འཛོམས་ནས་བློ་རིག་བཀྲ་ཤོས་དབར་གྱི་འགྲན་བསྡུར་བྱས་པ་རེད།
         ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གསར་གཏོད་ཚོགས་པ་དང་མཉམ་དུ་གསར་གཏོད་ཚན་རྩལ་གང་འདྲ་བྱས་ནས་འཚོ་བ་དང་མཉམ་འདྲེས་ཐུབ་པའི་ཐད་དཔྱད་བསྡུར་བྱས་ཤིང་། མཐོ་རིམ་ཚན་རྩལ་འགྲེམས་སྟོན་ཚོམས་ཆེན་གྱི་གསར་གཏོད་གྲུབ་འབྲས་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་གང་ས་ཅི་ཐད་ལ་ཁྱབ་པ་དཔེར་ན། གྱོན་ཆས་དང་། ཕྱིར་སྐྱོད། རོལ་རྩེད། སློབ་གསོ་སོགས་ཡིན་པ་དང་། ཐོན་རྫས་ཚང་མས“རིག་ནུས”དང“གསར་གཏོད་དང་འཚོ་བ་མཉམ་འདྲེས”ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་མིའི་རིགས་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་འོག་དུས་རབས་གསར་རྐྱང་ཞིག་ཏུ་སླེབས་ཡོད། སྐབས་འདིའི་གསར་གཏོད་དུས་ཆེན་ལ་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་རྣམ་གྲངས་འགྲེམས་སྟོན་དང་། མངོན་འགྱུར་པའི་བརྩམས་ཆོས་འགྲེམས་སྟོན། གསར་གཏོད་གྲོང་ཁྱེར་ཉམས་ལེན། གསར་གཏོད་ཁོར་ཡུག་རྟོག་ཞིབ་སོགས་ཕུན་སུམ་ཚོགས་པའི་ནང་དོན་བཀོད་སྒྲིག་བྱས་པ་དང་རྒྱལ་སྤྱིའི་ཚན་རྩལ་གྱི་སྣེ་འདྲེན་ཁེ་ལས་དང་། མ་འཇོག་ཁེ་ལས། གྲགས་ཅན་གྱི་ཚན་ཞིབ་སྒྲིག་གཞི་དང་ཕན་ཚུན་སྤེལ་རེས་བྱེད་ཆོག་པའི་ཚན་རྩལ་གྱི་ཐོན་རྫས་དང་ལག་རྩལ་གསར་ཤོས་འགྲེམས་སྟོན་བྱས་ནས་སྤྱི་དམངས་ཀྱིས“གསར་གཏོད་དང་འཚོ་བ་མཉམ་འདྲེས”ཐུབ་པའི་མྱོང་བ་དངོས་ཉམས་ལེན་ཐུབ་པ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།