འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེས་དངུལ་སྒོར་ཁྲི་6000བཏང་ནས་ཤིང་འབྲས་སྔོ་ཚལ་ཇ་ལོ་གསུམ་གྱི་སྐྱེ་ལྡན་
    ལུད་ཀྱི་ཚབ་བྱེད་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། རྫས་ལུད་བརྒྱབ་དྲགས་པའི་དབང་གིས་ས་རྒྱུ་ཞན་དུ་སོང་བ་དང་སྦགས་བཙོག་ཕོག་པ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བར་དམིགས་ཏེ། ཧུའུ་པེས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་བཏང་བའི་ཁར་དངུལ་སྒོར་ཁྲི་6000བཏང་བ་དང་ཆབས་ཅིག་ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་གསུམ་གྱི་སྐྱེ་ལྡན་ལུད་ཀྱི་ཚབ་བྱེད་བྱ་སྤྱོད་སྤེལ་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། ཞིང་པའི་ཡོང་འབབ་མང་དུ་འགྲོ་བར་སྐུལ་འདེད་ཀྱང་གཏོང་རྒྱུ་རེད།
         གསར་འགོད་པར་ཧུའུ་པེ་ཞིང་ཆེན་ཞིང་ལས་ཐིང་ནས་ཤེས་རྟོགས་བྱུང་བར། ཧུའུ་པེས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་རྫས་ལུད་ཀྱི་ཚབ་ཏུ་སྐྱེ་ལྡན་རྫས་ལུད་རྒྱག་རྒྱུའི་ཚ་ལུ་མ་དང་ཇ་ལོ་འདེབས་པའི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)ཁྱོན་6རྒྱབ་སྐྱོར་རྣམ་པའི་ཐོག་ནས་གཏོད་འཛུགས་དང་། རྫས་ལུད་ཀྱི་ཚབ་ཏུ་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་དང་། ལྕི་བ། སོག་མ་སོགས་སྐྱེ་ལྡན་ལུད་རྒྱག་པའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། 2020ལོར་སླེབས་སྐབས་ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་གསུམ་གྱི་ལེགས་ལྡན་ཐོན་ལས་ཁུལ་དུ་རྫས་ལུད་རྒྱག་ཚད་20%ཡན་དམའ་རུ་གཏོང་ཐུབ་པ་དང་ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་གསུམ་གྱི་སྲོག་ཤིང་ཐོན་ལས་ཁུལ་དང་གྲགས་ཅན་སྤུས་རྟགས་ཐོན་སྐྱེད་རྟེན་གཞིར་རྫས་ལུད་རྒྱག་ཚད་50%ཡན་དམའ་རུ་གཏོང་ཐུབ་པའི་བརྩོན་ལེན་བྱེད་པ་བཅས་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་དང་ས་རྒྱུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།
         ཧུའུ་པེ་ཞིང་ཆེན་གྱི་རྨོ་ཞིང་གི་སྤུས་ཚད་དང་ཞིང་ལུད་ལས་དོན་སྤྱི་ཁྱབ་ས་ཚིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་རྫས་ལུད་ཀྱི་ཚབ་ཏུ་སྐྱེ་ལྡན་ལུད་རྒྱག་པའི་བྱ་སྤྱོད་ལས་དཔེ་སྟོན་རྫོང་མི་རེ་ངོ་རེར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1000ཐོབ་རྒྱུ་རེད། ཞིང་པར་སྐྱེ་ལྡན་ལུད་རྒྱག་རྒྱུའི་ཁྲིད་སྟོན་བྱེད་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ཁེ་ལས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་དང་ལྕི་བ་སོགས་སྤྱད་ནས་སྐྱེ་ལྡན་ལུད་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་པ་དང་ལྷག་པར་དུ་གྲོང་གསེབ་ཀྱི་གཉེར་སྐྱོང་དུད་ཚང་ཆེ་གྲས་ལ་ཞིང་པའི་ཁྱིམ་ལུད་གསོག་བཟོ་བྱ་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་སྐུལ་ཁྲིད་ཀྱི་དཔེ་སྟོན་ནུས་པ་ཞིག་ཐོན་པར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།