༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱིས་གནས་ཚུལ་ཆུང་ངུ་དང་གཏམ་རྒྱུད་ཆུང་ཙག་བཤད་ནས་
གནས་ལུགས་ཆེན་པོ་གླེང་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་28ཉིན། 09:57】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། ནང་སོག་གི་པ་ཡན་ཀྲོར་གྲོང་ཁྱེར་ཨུ་ལ་ཐེ་རྩྭ་ཐང་སྲིབ་རིའི་བྱང་རྒྱུད་དུ་གནས་པ་དང་མུ་མཐའ་མེད་ལ་འཁོར་རིགས་བསྐྱོད་ཐབས་མེད་པའི་ཐག་རིང་འབྲོག་ཁུལ་གྱི་མཐའ་མཚམས་ལམ་ཐིག་སྟེང་གི་འབྲོག་པར“ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསུང་སྒྲ”ཐོས་ཐུབ་པ་བྱ་ཆེད། རྔ་མོང་བཞོན་པའི་སྒྲོག་འགྲེལ་རུ་ཁག་ཞིག་རི་དང་། གྲམ་ཐང་། གངས་རི་བཅས་བརྒལ་ནས་ངེད་ཚོ་འབྲོག་པར་ཏང་གི་གསུང་སྒྲ་གསར་ཤོས་དང་། དམངས་ཕན་སྲིད་ཇུས། བཅའ་ཁྲིམས་ཁྱབ་གདལ་ཤེས་བྱ་བཅས་སྒྲོག་འགྲེལ་བྱེད་པར་སླེབས་བྱུང་།
སོག་རིགས་རྒད་པོ་ཨུ་ཡུན་ཏ་ཡིས་སྐད་བརྡ་དེ་ཙམ་འཕྲོད་པོ་མེད་པའི་རྒྱ་སྐད་ཐོག་ནས“ངེད་ཚོ་འབྲོག་པའི་རིག་གནས་ཆུ་ཚད་དམའ་བའི་ཁར། གྲོང་རྡལ་དང་བར་ཐག་རིང་པོ་ཡོད་སྟབས་དམངས་ཕན་སྲིད་ཇུས་མང་པོ་ཞིག་རྔ་མོང་རུ་ཁག་གི་སྒྲོག་འགྲེལ་པས་ངེད་ཚོར་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ས་ཞིང་འགན་གཙང་ལེན་ཡུན་སླར་ཡང་ལོ་30སྣུར་སྲིང་བྱ་རྒྱུ་ཡིན་པའི་སྐོར་བཏོན་པ་ཐོས་སྐབས་ངེད་ཚོས་དེ་བས་སེམས་རྣལ་ལ་ཕབ་ནས་འབྲོག་ར་བསྐྲུན་རྩིས་ཡོད”ཅེས་བཤད།
པའོ་ཐོའུ་གྲོང་ཁྱེར་ཏར་ཧན་མའོ་མིང་ཨན་མཉམ་འབྲེལ་ཆིའི་མན་ཏུའུ་ལ་གྲོང་རྡལ་པ་དབྱིན་ཧ་ལ་ཀ་ཁྲ་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་གློག་ཆེན་མེད་སྟབས་རླུང་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་གློག་ཤུགས་མི་འདང་བའི་རྐྱེན་གྱིས་འབྲོག་པ་མང་པོ་ཞིག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྙན་འཕྲིན་ཐད་གཏོང་ལྟ་ཐུབ་མེད། ཚོགས་ཆེན་གྲོལ་མ་ཐག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཕན་ཀྲི་རུང་དེ་གར་སླེབས་ནས་འབྲོག་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།
ནང་སོག་ཏུ་སྒྲོག་འགྲེལ་ཚོགས་པ་110ལྷག་ཙམ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འཁྱེར་ནས་ཁེ་ལས་དང་། གྲོང་གསེབ་དང་འབྲོག་ཁུལ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དྲ་རྒྱ་བཅས་སུ་བསྐྱོད་པ་དང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་མི་སེར་གྱི་སྐད་ཆ་དང་ཅི་འཕྲོས་མོལ་འཕྲོས་ཀྱི་རྣམ་པ་དང་གོ་བདེ་རྟོགས་སླའི་སྒོ་ནས་ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་པའི་གནས་ཚུལ་གཟབ་རྒྱས་ངོ་སྤྲོད་བྱས་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་བརྒྱབ་པ་རེད། གནས་ཚུལ་ཆུང་ཙག་རེ་རེ་བཞིན་དང་གཏམ་རྒྱུད་ཆུང་ཙག་རེ་རེ་བཞིན་ལས་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི“གནས་ལུགས་ཆེན་པོ”གསལ་བཤད་བྱས་པ་རེད།
མིག་སྔར་ནང་སོག་གིས་གཞི་རིམ་མང་ཚོགས་ལ་རིམ་རྩིས་བརྒྱབ་ན་སྒྲོག་འགྲེལ་ཐེངས་600ལྷག་ཙམ་བྱས་པར་ཉན་པ་པོ་མི་ཐེངས་ཁྲི་12ཟིན་ཡོད། “སྒྲོག་འགྲེལ་བྱེད་རིང‘མཐོར་འདེགས’བྱས་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་སྟེ་དོན་སྙིང་གཙོ་བོ་ཁོང་དུ་ཆུད་དགོས་ལ‘དམའ་སར་བབས’ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱིས་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་གསོན་ཉམས་དོད་པོ་བྱས་ཚེ་གཞི་ནས་མང་ཚོགས་ཀྱིས་ཤེས་ཐུབ་པ་དང་ངེས་ཐུབ་པ་ཡོང་ཐུབ”ཅེས་ནང་སོག་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ནང་སོག་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ལི་ཧྲུའུ་ལིན་གྱིས་བཤད་པ་རེད།