འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།《དྲ་སྦྲེལ་གྲོས་མཐུན་གྱི་པར་གཞི་དྲུག་པའི(IPv6)གཞི་ཁྱོན་བཀོད་སྒྲིག་ལ་
    སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དྲ་སྦྲེལ་གྲོས་མཐུན་གྱི་པར་གཞི་དྲུག་པའི(IPv6)གཞི་ཁྱོན་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         《འཆར་གཞིའི་》ནང་དྲ་སྦྲེལ་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པ་དང་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གནས་བབ་དང་། ཁེ་ཕན་གྱི་ཆགས་སྟངས། བདེ་འཇགས་ཀྱི་གནས་བབ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། རང་རྒྱལ་ནི་འཛམ་གླིང་ཐོག་ཆེས་སྔ་ཙམ་IPv6ཚོད་ལྟ་དང་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། དྲ་རྒྱ་འཛུགས་སྐྲུན། བཀོལ་སྤྱོད་གསར་གཏོད་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་གཞི་ཁྱོན་ཆེན་པོའི་སྒོ་ནས་བཀོད་སྒྲིག་བྱེད་པའི་རྨང་གཞི་དང་ཆ་རྐྱེན་འཛོམས་ཡོད། གོ་ལ་ཧྲིལ་པོའི་དྲ་རྒྱའི་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་གསར་གཏོད་དང་འགྱུར་ལྡོག་འགྲོ་བ་དང་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་རིམ་སྤོར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ནས་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། IPv6གཞི་ཁྱོན་ལྡན་པའི་བཀོད་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མྱུར་ཚད་མགྱོགས་པ་དང་། ཁྱབ་རྒྱ་ཆེ་བ། ཁྱོན་ཡོངས་ལ་ཁྱབ་པ། རིག་ནུས་ཅན་བཅས་ཀྱི་ཐོན་གསར་པའི་དྲ་སྦྲེལ་ཞིག་བསྐྲུན་རྒྱུ་ནི་དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། འབྱུང་འགྱུར་གྱི་རྒྱལ་སྤྱིའི་འགྲན་རྩོད་ལེགས་ཆ་གསར་པ་ཐོབ་པ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཡིན།
         《འཆར་གཞིའི་》ནང་ལོ་ལྔ་ནས་བཅུ་བར་སྤྱད་དེ་ཐོན་གསར་པའི་དྲ་སྦྲེལ་གྱི་རང་བརྟེན་གསར་གཏོད་ལག་རྩལ་མ་ལག་དང་ཐོན་ལས་སྣོད་བཅུད་ཅིག་ཆགས་པ་དང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་IPv6ཚོང་ལས་བཀོལ་སྤྱོད་དྲ་རྒྱ་ཞིག་བསྐྲུན་ཐུབ་པ་བྱས་ནས་ཐོན་གསར་པའི་དྲ་སྦྲེལ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ནང་མཉམ་སྤྱོད་གཏིང་ཟབ་ཐུབ་པ་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་གསར་པའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་གཙོ་ཁྲིད་ནུས་པ་གལ་ཆེན་དུ་འགྱུར་བ་བྱེད་དགོས་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།