འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་བདུན་པའི་བོད་ཀྱི་རིག་གནས་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་བདུན་པའི་བོད་ཀྱི་རིག་གནས་དུས་ཆེན།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྗོངས་རིག་གནས་ཡར་སྐུལ་ཚོགས་པས་གཙོ་གཉེར་བྱེད་འགན་ཁུར་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གིས་རོགས་གཉེར་བྱེད་འགན་ཁུར་བའི་སྐབས་བདུན་པའི་བོད་ཀྱི་རིག་གནས་དུས་ཆེན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐོར་བྲོ་ཐང་ཆེན་དུ་བཏང་བ་རེད།
         སྐབས་འདིའི་བོད་ཀྱི་རིག་གནས་དུས་ཆེན་དུ་པེ་ཅིང་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོ་ཁག་ལ་ཡོད་པའི་སློབ་ཆེན་སློབ་མ་ཚོས་གྲ་སྒྲིག་བྱས་པའི་སྙན་ངག་གྱེར་འདོན་དང་གླུ་དབྱངས། ཞབས་བྲོ། རྒྱུ་རྔམ་བརྒྱབ་པའི་སྤྲོ་གར་གྱི་ལེ་ཚན་བཅས་ཡོད་ལ། ད་དུང་ཐང་ག་དང་བོད་སྤོས། གྲོ་སོ་ཕྱེ་མ། བོད་སྨན། འུར་ཆ། ཡིག་གཟུགས། བོད་ཆས་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་དངོས་རྫས་འགྲེམས་སྟོན་བྱེད་པའི་ལེ་ཚན་ཡང་ཡོད་པའི་གཟབ་རྒྱས་ཆེ་བའི་བོད་ཀྱི་རིག་གནས་དུས་ཆེན་ཞིག་རེད།  འདི་ནི་ལོ་རེར་ཐེངས་རེ་ངེས་པར་དུ་ཆད་མེད་གཏོང་གི་ཡོད་པའི་བོད་ཀྱི་རིག་གནས་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། པེ་ཅིང་གྲོང་ཁྱེར་གྱི་སློབ་ཆེན་ཁག་གི་བོད་རིགས་སློབ་ཆེན་སློབ་མ་དང་ལས་ཁུངས་ཁག་གི་བོད་རིགས་ལས་བྱེད་པ་སོགས་ཉིན་འདིར་མཉམ་དུ་འཛོམས་ནས་བོད་ཀྱི་རིག་གནས་དུས་ཆེན་དགའ་དགའ་སྤྲོ་སྤྲོའི་ངང་བཏང་བ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་བདུན་པའི་བོད་ཀྱི་རིག་གནས་དུས་ཆེན།
      

    ཕྱོགས་བསྡུས་གསར་འགྱུར།