༄༅།།ཀུའེ་ཀྲོའུ་རུ་ཚོགས་སྟོང་ཐེངས་ཁྲི“བདུན་སྐྱོད”ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་28ཉིན། 09:55】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། “ས་ཞིང་འགན་གཙང་ལེན་ཡུན་ལོ་30རིང་དུ་བཏང་བ་ལས་རི་ཁུལ་གྱི་གྲོང་མིའི་སེམས་པ་བདེ་ཞིང་སྐྱིད་པ་ཞིག་བྱུང་བ་དང་གནད་སྨིན་དབུལ་སྐྱོར་བྱས་ནས་དམངས་འཚོར་ཕན་པ་བཏགས་པ་ལ་སོགས”ཀུའེ་ཀྲོའུ་ཞིང་ཆེན་ཀྲེན་ཕུང་རྫོང་མིན་ཀུའུ་གྲོང་རྡལ་ནཱ་ཡའོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧོང་ཕུ་ཡ་ཧུང་གིས་གྲོང་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུས་ཐོག་ཏུ་གོ་བ་ལེན་ཐུབ་པ་བྱ་ཆེད། པུའུ་དབྱི་སྐད་དང་མེའོ་སྐད་གཉིས་ལྡན་གྱི་སྒྲོག་འགྲེལ་རུ་ཁག་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དེ་ཡོངས་ཀྱི་གྲོང་སྡེ་11ཏུ་སྐོར་སྐྱོད་སྒྲོག་འགྲེལ་བྱས་ཡོད། གཞན་ཡང་དགོངས་དོན་མང་ཚོགས་ཀྱི་སེམས་ནང་ཟུག་པོ་ཡོང་ཆེད། ཧོ་ཕུ་ཡ་ཧུང་གིས་ད་དུང་པུའུ་དབྱི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་གདན་དྲངས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་མདོ་ཚིག་དག་མི་རིགས་ཀྱི་གཞས་མ་གཏམ་ནང་བཅུག་ནས་གོ་བདེ་ལ་རྟོགས་སླ་བའི་གཞས་མ་གཏམ་དུམ་བུ་ཞིག་བརྩམས་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཚོགས་སྟོང་ཐེངས་ཁྲི“བདུན་སྐྱོད”ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་སྒྲོག་འགྲེལ་དང་། ཏང་གི་འཐུས་མིས་ལས་གནས་ཐོག་སྒྲོག་འགྲེལ། “དྲ་སྦྲེལ+སྒྲོག་འགྲེལ”སོགས་ཀྱི་རྣམ་པ་བརྒྱུད། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ། སྡེ་ཁུལ། དམག་སྒར། དྲ་རྒྱ་བཅས་སུ་བསྐྱོད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
“བདུན་སྐྱོད”ཀྱི་སྒྲོག་འགྲེལ་ཐད་ཞིང་ཆེན་གྱི་དབུ་ཁྲིད་ཀྱིས་སྣེ་ཁྲིད་དཔེ་སྟོན་བྱས་ཤིང་། ཟླ་10ཚེས་28ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་སུན་ཀྲེ་ཀང་གིས་ཕུའུ་ཨན་རྫོང་ཅང་ཤིས་ཕོའོ་གྲོང་རྡལ་ལན་མོང་གྲོང་ཚོར་ཕེབས་ཏེ་ཞིང་ཁྱིམ་གྱི་སྒོ་རའི་ནང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འབྲེལ་ཡོད་མདོ་ཚིག་གླེང་མོལ་གནང་བ་རེད། ཞིང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ལས་བགོས་འགན་འཁུར་ཡུལ་འབྲེལ་ཡོད་ཚན་པ་དང་། གནས་གཏན་འཁེལ་གྱི་འབྲེལ་གཏུག་བྱེད་སའི་ཤིན་ཏུ་དབུལ་པོའི་རྫོང་། ཆེས་དབུལ་བའི་ཤང་དང་གྲོང་རྡལ། ཁེ་ལས་འགའ་ཞིག་བཅས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
ཚོགས་པ་སྟོང་དང་ཐེངས་ཁྲི་ཡིས་རིམ་པ་ཕྱེ་བའི་ཐོག་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་བཏང་ཞིང་། ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱིས་བཟོ་ལས་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་བཟོ་པའི་ཁྲིད་སྦྱོང་ཁང་བཙུགས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ། ཨན་ཧྲུན་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། ཁྱབ་ཁོངས་ཧྲིལ་པོར་ཁྱབ་པ། ཚང་མར་ཁྱབ་པ་བཅས་ཀྱི་སྒྲོག་འགྲེལ་རྣམ་པ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་པ། དུང་རེན་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་མཉམ་འགུལ་སྒྲོག་འགྲེལ་དཔུང་ཁག་ཅིག་བཙུགས་པ། ཙུན་དབྱིས་གྲོང་ཁྱེར་ཧུའེ་ཁྲོན་ཆུས་ཀྲེ་མཱ་གྲོང་རྡལ་གྱིས་གྲོང་ཚོ་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ“སྦག་སྦག་འཁོར་ལོའི་སྐོར་སྐྱོད་ཁྲིད་སྦྱོང་ཁང”ཞེས་པ་བཙུགས་ཏེ་ཞིང་ཁྱིམ་གྱི་སྒོ་ར་ཆུང་ཆུང་དང་། ཞིང་ནང་མུ་ཁ། ཚལ་ཞིང་དང་ཤིང་འབྲས་ལྡུམ་ར་བཅས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
མིག་སྔའི་བར་ཀུའེ་ཀྲོའུ་ཞིང་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་གསར་པ་བཏོན་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་དགོངས་དོན་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་ཤིང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་ཁྱོན་4000ལྷག་ཙམ་བཙུགས་པ་དང་། གཅིག་སྡུད་སྒྲོག་འགྲེལ་ཐེངས་10000ལྷག་ཙམ་བྱས་པ། ཁྱོན་མི་ཐེངས་ཁྲི་200ལྷག་ཙམ་གྱིས་སྙན་སྒྲོན་སྒྲོག་འགྲེལ་ཉན་པ་རེད།