འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་པེ་ཅིང་གིས་རྡོ་སོལ་ཁྲོ་ཐབ་མི་ཉུང་བ་ཞིག་དོར་བས་ལོར་དབྱང་གཉིས་མུ་ཟི་འབུད་
    ཚད་ཏུན་6600ཙམ་ཉུང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། གསར་འགོད་པར་པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནི་པེ་ཅིང་གྲོང་ཁྱེར་གྱིས་2013ལོ་ནས་2017ལོ་བར་གྱི་ལོ་ལྔའི་མཁའ་རླུང་དྭངས་གཙང་བྱ་སྤྱོད་སྤེལ་བའི་མཇུག་བསྡུའི་ལོ་ཞིག་རེད། མིག་སྔའི་བར་འདི་ལོ་རྡོ་སོལ་ཏུན་13259བསྲེག་པའི་ཁྲོ་ཐབ་4453དོར་བ་དང་། ལོར་རྡོ་སོལ་ཉུང་དུ་གཏོང་ཚད་ཏུན་ཁྲི་300ཙམ་ཟིན་པ་དང་། ལོར་དུ་བ་དང་རྡུལ་ཕྲན་ཏུན་5500ཙམ་ཉུང་འབུད་བྱེད་པ། ལོར་དབྱང་གཉིས་མུ་ཟི་ཏུན་6600ཙམ་ཉུང་འབུད་བྱེད་པ་བཅས་རེད།
         2017ལོར་གྲོང་གསེབ་ཀྱི་རྡོ་སོལ་སོལ་རླངས་ལ་བསྒྱུར་བའི་ལས་གྲྭ་ཆུས་10ཡི་གྲོང་རྡལ་44རུ་ཁྱབ་པ་དང་། དེ་གྲོང་ཚོ་328ཀྱི་དུད་ཚང་ཁྲི་13.7ཙམ་དང་འབྲེལ་བ་ཡོད། ལེ་ལག་ཚང་བའི་འཛུགས་སྐྲུན་གྱི་འབྲིང་གནོན་དང་དེ་ཡན་གྱི་སོལ་རླངས་ཀྱི་ལྕགས་མདོང་སྤྱི་ལེ་300དང་དམའ་གནོན་གྱི་ལྕགས་མདོང་སྤྱི་ལེ་3100ཡོད་པས་སྤྱིའི་རིང་ཚད་ལ་སྤྱི་ལེ་3400ཟིན་པ་དང་། རླངས་ཁུངས་ས་ཚིགས(སྒམ)371ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་39བཏང་ཡོད། མིག་སྔའི་བར་གྲོང་ཚོ་328ཀྱི་ལས་གྲྭ་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་པ་དང་ལེགས་གྲུབ་ཟིན་ཚད་100%ཡིན་པ་རེད།
         2017ལོར་ཁྲོ་ཐབ་རྡོ་སོལ་སོལ་རླངས་སུ་བསྒྱུར་རྒྱུ་བདེ་བླག་བྱུང་ཡོད། མིག་སྔའི་བར་བཟོ་ལས་དང་ཁེ་ལས་སུ་རྡོ་སོལ་བསྲེག་མཇུག་འགྲིལ་ནས་གྲོང་ཁྱེར་དང་ཐག་རིང་བའི་ཀླུང་ཐང་ས་ཁུལ་གྱི་ཏུན་10དང་དེ་མན་དང་འཛུགས་སྐྲུན་ཁུལ་གྱི་ཏུན་35དང་དེ་མན་གྱི་རྡོ་སོལ་གྱི་ཁྲོ་ཐབ་སྤྱིར་ན་དོར་ཡོད། པེ་ཅིང་གི་སོལ་རླངས་ལེ་ལག་ཚང་བའི་རྨང་གཞིའི་འཛུགས་སྐྲུན་གྱི་མདོང་ལམ་ལས་གྲྭ་བསྡོམས་68ཡོད་པ་དང་དྲོད་རླངས་མཁོ་འདོན་དང་འབྲེལ་བའི་ལེ་ལག་མདོང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་54ཡོད་པ་དེ་དག་གཙོ་བོ་ཆུས་8དུ་ཁྱབ་ཡོད། ལེ་ལག་ཚང་བའི་སོལ་རླངས་ཀྱི་མདོང་ལམ་ཚང་མའི་ནང་སོལ་རླངས་བཏང་ཟིན་པ་དང་། མདོང་ལམ་སྤྱི་ལེ་92བསྐྲུན་ཡོད།
         གཞན་ཡང་། 2017ལོར“གྲོང་རྡལ་ཀུན་ཁྱབ”ཀྱི་ལས་གྲྭ་བསྡོམས་50ཡོད་པ་དང་། དེའི་ནང་དྲོད་རླངས་མཁོ་འདོན་དང་འབྲེལ་བའི་རྣམ་གྲངས་15ཡོད་པའི་ལས་གྲྭ་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་ནས་སྤྱི་ལེ་109ཟིན་པའི་མདོང་ལམ་འཛུགས་སྐྲུན་ལམ་ལྷོངས་བྱུང་སྟེ་ཟླ་11ཚེས་15ཉིན་གྱི་གོང་སོལ་རླངས་ཤར་གཏོང་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།